མཐའ་བྱང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

Windows ཡི་མཐའ་བྱང་ནི Windows Vista རུ་གསར་དུ་བསྣན་པའི་ལག་ཆའི་ཚང་ཡིན། སོར་གནས་ཀྱི་རྣམ་པའི་སྐབས་སུ་རྒྱུད་ཁོངས་སུ་ཐོ་འཇུག་བྱས་ཙ་ན། ཅོག་ངོས་གཡས་ཟུར་དུ་ལས་འགན་ཚང་དང་དྲང་འཕྱང་དུ་གནས་པའི་ལག་ཆའི་ཚང་ཞིག་མངོན་འདུག
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
边栏
རིགས་དབྱེ།
རྩིས་འཁོར།
1 ངོ་སྤྲོད།

Windows ཡི་མཐའ་བྱང་ནི Windows Vista རུ་གསར་དུ་བསྣན་པའི་ལག་ཆའི་ཚང་ཡིན། སོར་གནས་ཀྱི་རྣམ་པའི་སྐབས་སུ་རྒྱུད་ཁོངས་སུ་ཐོ་འཇུག་བྱས་ཙ་ན། ཅོག་ངོས་གཡས་ཟུར་དུ་ལས་འགན་ཚང་དང་དྲང་འཕྱང་དུ་གནས་པའི་ལག་ཆའི་ཚང་ཞིག་མངོན་འདུག Windows ཡི་མཐའ་བྱང་དུ་ལག་ཆའི་བྱ་རིམ་ཁ་ཤས་བཞག་ཚེ། དེས་ན་རིགས་མི་འདྲ་བའི་བཀོལ་སྤྱོད་བྱ་ཐབས་མངོན་འགྱུར་བྱ་ཐུབ་པ་ལས་གཞན། མཐའ་བྱང་གི་ལག་ཆ་གང་འདོད་ལྟར་སུབ་སྣོན་བྱེད་ཆོག་པ་ཡིན།

2 ལག་ཆ་སུབ་སྣོན་བྱ་ཚུལ།

Windows ཡི་མཐའ་བྱང་དུ་སོར་གནས་སུ་མངོན་པའི་ལག་ཆ་ཕུད། Windows Vista རྒྱུད་ཁོངས་ཀྱིས་རྒྱུན་སྤྱོད་ལག་ཆ་གཞན་པ་ཁག་ཅིག་མཁོ་སྤྲོད་བྱས་ཡོད། Windows ཡི་མཐའ་བྱང་གི་སྟོང་གནས་སུ་གཡས་རྡེབ་བྱས་པ་ལས་ཐོན་པའི་གདམ་བྱང་དུ་བཀའ་བརྡ་ལག་ཆ་ཆུང་ངུ་སྣོན་པ་འདོམས།

3 ལག་ཆའི་གཏོགས་གཤིས་སྒྲིག་འགོད་བྱ་ཚུལ།

མཐའ་བྱང་དང་ལག་ཆ་བཀོལ་སྐབས། མཐའ་བྱང་དང་ལག་ཆ་ཁ་ཤས་ལ་རང་བཟོས་སྒྲིག་འགོད་བྱས་ན། Windows ཡི་མཐའ་བྱང་གི་སྤྱོད་སྒོ་རྒྱ་ཆེར་གཏོང་ཐུབ་པ་ཡིན། Windows ཡི་མཐའ་བྱང་དུ་བཀའ་བརྡ་གཏོགས་གཤིས་བདམས་ཏེ། གླེང་སྒྲོམWindows མཐའ་བྱང་གཏོགས་གཤིས་སུ་རང་ཉིད་ཀྱི་དགོས་མཁོ་ལྟར་འགོ་སློང་དང་སྟར་སྒྲིག་སོགས་ཀྱི་གཏོགས་གཤིས་སྒྲིག་འགོད་བྱོས། གལ་ཏེ་ལག་ཆའི་གཏོགས་གཤིས་སྒྲིག་འགོད་བྱ་དགོས་ན། ལག་ཆ་དེར་གཡས་རྡེབ་བྱས་པ་ལས་ཐོན་པའི་མྱུར་འཇུག་གདམ་བྱང་དུ་བཀའ་བརྡ་འདེམས་ཚན་འདོམས།


བརྡ་འགྲེལ་གདོང་འཛར།

མཐའ་བྱང་། རྩིས་འཁོར། ལག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-18

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།