ཁི་ལི་མུ་དམག་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁི་ལི་མུ་དམག་འཁྲུག
ཁི་ལི་མུ་དམག་འཁྲུག་གི་མིང་གཞན་ལ་ཤར་ཕྱོགས་དམག་འཁྲུག་ཅེས་ཀྱང་བརྗོད་ལ། དེ་ནི་ཧྲ་ཧོང་ཨུ་རུ་སུ་ཡིས་དབྱིན་ཧྥ་ཐུར་རྒྱལ་ཁབ་གསུམ་དང་ཕྱི་ཕྱོགས་ཀྱི་མི་སེར་སྤེལ་ཡུལ་དང་ཡོ་རོབ་གླིང་གི་བདག་དབང་འཕྲོག་རྩོད་བྱེད་པའི་ཆེད་དུ་སྤེལ་བའི་དམག་འཁྲུག་ལ་ཟེར་བ་དང་། གཡུལ་ས་གཙོ་བོ་ཁི་ལི་མུ་ཡིན་པས་མིང་དེ་ལྟར་ཐོགས། དེ་ནི་ཨུ་ཐུར་དམག་འཁྲུག་གི་གྲུབ་ཆ་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
克里木战争
མིང་གཞན།
ཁི་ལི་མུ་ཡ་དམག་འཁྲུག
དུས་ཚོད།
སྤྱི་ལོ(1853.7-1855.12)
མཇུག་འབྲས།
དབྱིན་ཧྥ་མཉམ་འབྲེལ་དམག་ལ་རྒྱལ་ཁ་ཐོབ།
1 ​ངོ་སྤྲོད་མདོར་བསྡུས། 

ཁི་ལི་མུ་དམག་འཁྲུག་གི་མིང་གཞན་ལ་ཤར་ཕྱོགས་དམག་འཁྲུག་ཅེས་ཀྱང་བརྗོད་ལ། དེ་ནི་ཧྲ་ཧོང་ཨུ་རུ་སུ་ཡིས་དབྱིན་ཧྥ་ཐུར་རྒྱལ་ཁབ་གསུམ་དང་ཕྱི་ཕྱོགས་ཀྱི་མི་སེར་སྤེལ་ཡུལ་དང་ཡོ་རོབ་གླིང་གི་བདག་དབང་འཕྲོག་རྩོད་བྱེད་པའི་ཆེད་དུ་སྤེལ་བའི་དམག་འཁྲུག་ལ་ཟེར་བ་དང་། གཡུལ་ས་གཙོ་བོ་ཁི་ལི་མུ་ཡིན་པས་མིང་དེ་ལྟར་ཐོགས། དེ་ནི་ཨུ་ཐུར་དམག་འཁྲུག་གི་གྲུབ་ཆ་ཞིག་ཀྱང་ཡིན། 

2 ནང་དོན།

སྤྱི་ལོ1853ལོར། ཨུ་རུ་སུས་ཨོ་སི་མན་ཐུར་ཁེ་གོང་མའི་རྒྱལ་ཁབ་ལ་བཙན་འཛུལ་བྱས་པ་དང་། ཨོ་སི་མན་གྱི་དམག་ལ་ཕམ་ཁ་ཆེན་པོ་བྱུང་། དེའི་ཕྱི་ལོར། དབྱིན་ཧྥ་རྒྱལ་ཁབ་གཉིས་ཀྱིས་ཐད་ཀར་དམག་བཏང་སྟེ་ཨུ་རུ་སུ་དང་འཐབ་མོད། དབྱིན་ཧྥ་གཉིས་ཀྱི་དམིགས་ཡུལ་ནི་ཨོ་སུ་མན་ཐུར་ཁེ་རྒྱལ་ཁབ་ཀྱི་ས་ནས་རང་ཉིད་ཀྱི་ཁེ་ཕན་རག་ཕྱིར་ཡིན་པ་མ་གཏོགས་དམག་འཁྲུག་གི་གཞི་རྒྱ་ཆེར་བསྐྱེད་འདོད་མེད་པས། དམག་འཁྲུག་གི་གཡུལ་སའང་ཁི་ལི་མུ་ཕྱེད་གླིང་གི་ཉེ་འགྲམ་མ་གཏོགས་རྒྱ་བསྐྱེད་མ་བྱུང་། 

3 གནོད་སྐྱོན།

སྤྱི་ལོ1856ལོར། 《ཕ་རི་སིའི་ཞི་ཆིངས》མི་འཇོག་ཐབས་མེད་བྱུང་བ་དང་། ཁི་ལི་མུ་དམག་འཁྲུག་ཁྲོད་ཨུ་རུ་སུའི་དམག་མི་འབུམ3ལྷག་དང་། ཧྥ་དམག་འབུམ1ལྷག དབྱིན་དམག་ཁྲི6བཅས་རྐྱེན་ལམ་ལམ་དུ་ཤོར་བ་དང་། ཨུ་རུ་སུའི་རྒྱལ་སྤྱིའི་གོ་གནས་མར་ཆགས་ཤིང་། ནུབ་བསྐྱོད་ཀྱི་ལམ་བུར་བཀག་འགོག་ཐེབས། 

4 སྐུལ་འདེད། 

ཁི་ལི་མུ་དམག་འཁྲུག་གི་རྗེས་སུ་དབྱིན་ཇི་དང་ཧྥ་རན་སིའི་སྟོབས་ཤུགས་རྒྱ་ཆེར་དར། ཐེངས་དེའི་དམག་འཁྲུག་གིས་ཨུ་རུ་སུ་བཙན་འཛུལ་ལ་འགོག་གནོན་བྱས་པ་མ་ཟད། ཨུ་རུ་སུའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གནོད་སྐྱོན་སྣ་ཚོགས་ཀྱི་རྐུབ་བརྡོལ་བར་བྱས་ཏེ་ཨུ་རུ་སུའི་ཞིང་བྲན་ལམ་ལུགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།