ཅོག་ངོས་རིས་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅོག་ངོས་རིས་རྟགས་ནི་ཅོག་ངོས་ཀྱི་པར་རིས་ཀུན་གྲལ་དག་པར་སྟར་སྒྲིག་བྱས་ཡོད་པ་ལ་ཟེར་ཞིང་། པར་རིས་འདི་དག་ནི་རིས་རྟགས་དང་རིས་རྟགས་ཀྱི་མིང་གཉིས་ཀྱིས་གྲུབ་ཡོད། རྒྱུད་ཁོངས་སུ་རིས་རྟགས་འདི་དག་ལ་མྱུར་ལམ་ཞེས་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桌面图标
རིགས་དབྱེ།
རྩིས་འཁོར།
1 ངོ་སྤྲོད།

ཅོག་ངོས་རིས་རྟགས་ནི་ཅོག་ངོས་ཀྱི་པར་རིས་ཀུན་གྲལ་དག་པར་སྟར་སྒྲིག་བྱས་ཡོད་པ་ལ་ཟེར་ཞིང་། པར་རིས་འདི་དག་ནི་རིས་རྟགས་དང་རིས་རྟགས་ཀྱི་མིང་གཉིས་ཀྱིས་གྲུབ་ཡོད། རྒྱུད་ཁོངས་སུ་རིས་རྟགས་འདི་དག་ལ་མྱུར་ལམ་ཞེས་ཀྱང་ཟེར་ལ། སྤྱོད་མཁན་གྱིས་རིས་རྟགས་འདི་དག་ལ་ཉིས་རྡེབ་བྱས་ན་དེ་འབྲེལ་གྱི་བྱ་རིམ་དག་མགྱོགས་མྱུར་ངང་འགོ་སློང་བྱ་ཐུབ།

2 སྣོན་ཚུལ།

སྤྱོད་མཁན་ཐོག་མར Windows Vista བཀོལ་སྤྱོད་རྒྱུད་ཁོངས་སུ་འཇུག་དུས། ཅོག་ངོས་སུ་སྙིགས་སྣོད་རིས་རྟགས་གཅིག་པུ་ལས་ཅི་ཡང་མེད། དཔེར་ན། རྩིས་འཁོར། དྲ་བ། སྤྱོད་མཁན་གྱི་ཡིག་ཚགས། ཚོད་འཛིན་ངོས་པང་སོགས་རྒྱུན་སྤྱོད་ཀྱི་རིས་རྟགས་དག་ཅོག་ངོས་སུ་མངོན་མེད། དེ་བས་ཅོག་ངོས་སུ་རྒྱུད་ཁོངས་རིས་རྟགས་འདི་དག་སྣོན་དགོས་པ་ཡིན།

3 སྟར་སྒྲིག་བྱ་ཚུལ།

ཅོག་ངོས་རིས་རྟགས་མགོ་འཇུག་མེད་པར་གང་བྱུང་དུ་བསྒྲིགས་ཡོད་པའི་སྐབས་སུ། སྤྱོད་མཁན་གྱིས་རིས་རྟགས་ཀྱི་མིང་དང་། ཆེ་ཆུང་། རིགས། བཟོ་བཅོས་བརྒྱབ་པའི་དུས་ཚོད་ལ་གཞིགས་ནས་ཅོག་ངོས་རིས་རྟགས་སྟར་སྒྲིག་བྱེད་ཆོག་པ་ཡིན།

4 སུབ་ཚུལ།

ཅོག་ངོས་སུ་རིས་རྟགས་མང་དྲགས་ཚེ། ཅོག་ངོས་ནི་མིག་ལ་མཛེས་ཤིང་གྲལ་དག་པོ་ཞིག་མིན། འདིའི་སྐབས་སུ་རྒྱུན་དུ་མི་སྤྱོད་པའི་ཅོག་ངོས་རིས་རྟགས་ཁ་ཤས་གསུབ་ན། ཅོག་ངོས་གྲལ་དག་ཅིང་སྤྱོད་བདེ་བར་འགྱུར་ངེས།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-17

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།