ཅོག་ངོས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩིས་འཁོར་གྱི་ཁ་ཕྱེས་རྗེས། སྒྲིག་འཇུག་བྱས་ཟིན་པའི Windows Vista ཡི་བཀོལ་སྤྱོད་རྒྱུད་ཁོངས་སུ་སྐྱོད་ངེས། དུས་དེར་མངོན་ཆས་སུ་ཤར་བ་ནི Windows Vista ཡི་ཅོག་ངོས་ཡིན་ལ། ཅོག་ངོས་སུ་ཅོག་ངོས་རིས་རྟགས་དང་། ཅོག་ངོས་རྒྱབ་ལྗོངས། གདམ་བྱང་འགོ་རྩོམ། མྱུར་འཇུག་འགོ་སློང་། ལས་འགན་ཚང་། མཐའ་བྱང་སོགས་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桌面
རིགས་དབྱེ།
རྩིས་འཁོར།
1 ངོ་སྤྲོད།

རྩིས་འཁོར་གྱི་ཁ་ཕྱེས་རྗེས། སྒྲིག་འཇུག་བྱས་ཟིན་པའི Windows Vista ཡི་བཀོལ་སྤྱོད་རྒྱུད་ཁོངས་སུ་སྐྱོད་ངེས། དུས་དེར་མངོན་ཆས་སུ་ཤར་བ་ནི Windows Vista ཡི་ཅོག་ངོས་ཡིན་ལ། ཅོག་ངོས་སུ་ཅོག་ངོས་རིས་རྟགས་དང་། ཅོག་ངོས་རྒྱབ་ལྗོངས། གདམ་བྱང་འགོ་རྩོམ། མྱུར་འཇུག་འགོ་སློང་། ལས་འགན་ཚང་། མཐའ་བྱང་སོགས་ཚུད་ཡོད། 

2 ཅོག་ངོས་རིས་རྟགས།

འདི་ནི་སྒེའུ་ཁུང་ངམ་བྱ་རིམ་གྱི་མྱུར་འཇུག་བྱ་ཐབས་ཏེ། ཅོག་ངོས་རིས་རྟགས་ལ་ཉིས་རྡེབ་བྱས་ན་དེ་འབྲེལ་གྱི་སྒེའུ་ཁུང་ངམ་བྱ་རིམ་གང་རུང་ཞིག་གི་ཁ་ཕྱེ་ཐུབ།

3 མཐའ་བྱང་།

འདིར་ལག་ཆ་ཆུང་ངུ་ཁག་ཅིག་འདུས་ཡོད་དེ། བྱ་རིམ་འདི་དག་ནི་རང་བཟོ་བྱེད་ཆོག་པའི་བྱ་རིམ་ཡིག་ཆ་ཡིན་ཞིང་། རྒྱུན་བསྟར་གསར་བསྒྱུར་བྱེད་པའི་ཆ་འཕྲིན་ཐུབ། ལག་ཆ་འདི་དག་ལ་བརྟེན་ནས་སྒེའུ་ཁུང་གི་ཁ་ཕྱེ་མི་དགོས་པར་རྒྱུན་མཐོང་གི་འོས་འགན་དག་ཐད་ཀར་ལག་བསྟར་ཆོག་སྟེ། དཔེར་ན། དུས་བཅད་ལྟར་གསར་བསྒྱུར་བྱས་པའི་གནམ་གཤིས་སྔོན་བརྡ་དང་པར་རིས་བརྙན་སྒྲོན་སོགས་མངོན་པར་བྱེད་པ་ལྟ་བུ།

4 ཅོག་ངོས་རྒྱབ་ལྗོངས།

འདི་ནི་ཅོག་ངོས་མཛེས་པར་བྱེད་པའི་ལས་ཀའི་ཁོར་ཡུག་སྟེ། སྤྱོད་མཁན་གྱིས་རང་ཉིད་ཀྱི་འདོམ་མོས་ལྟར་རིགས་མི་འདྲ་བ་དང་མདོག་མི་འདྲ་བའི་རྒྱན་རིས་དང་ལྡེབས་རིས་ཅོག་ངོས་རྒྱབ་ལྗོངས་སུ་བཞག་ཆོག

5 གདམ་བྱང་འགོ་རྩོམ།

འདི་ནི Windows Vista རུ་རྒྱུན་པར་སྤྱོད་པའི་གདམ་བྱང་ཞིག་ཡིན། འདི་ལས་བཀོལ་སྤྱོད་རྒྱུད་ཁོངས་ནང་གི་ཉེར་སྤྱོད་བྱ་རིམ་དང་དེ་འབྲེལ་གྱི་གླེང་སྒྲོམ་ཁ་ཕྱེ་ཆོག

6 མྱུར་འཇུག་འགོ་སློང་ཚང་།

འདི་ནི་བྱ་རིམ་མྱུར་འཇུག་བྱེད་སྟངས་དང་རིགས་འདྲ་བ་སྟེ། དེར་ཆིག་རྡེབ་བྱས་ཚེ་སྒེའུ་ཁུང་ངམ་བྱ་རིམ་གང་རུང་ཞིག་གི་ཁ་ཕྱེ་ཐུབ།

7 ལས་འགན་ཚང་།

ལས་འགན་ཚང་ནི་བརྙན་ཡོལ་གྱི་ཞབས་མཐར་གནས་ཡོད་ལ། དེས་ནི་སྤྱོད་མཁན་ལ་མགྱོགས་མྱུར་ངང་ཉེར་སྤྱོད་བྱ་རིམ་དང་ཡིག་ཚགས་ཚུད་པའི་སྒེའུ་ཁུང་སོགས་ཀྱི་ཁ་འབྱེད་ཐབས་མཁོ་འདོན་བྱས་ཡོད། ལས་འགན་ཚང་གི་གཡོན་མཐའ་ན་གདམ་བྱང་འགོ་རྩོམ་ཡོད་ལ། དེའི་གཡས་མཐར་རྒྱུད་ཁོངས་རིས་རྟགས་གནས་ཡོད། འདི་ལས་མིག་སྔའི་རྒྱུད་ཁོངས་ཀྱི་རྒྱབ་ཏུ་འཁོར་སྐྱོད་བྱེད་པའི་བྱ་རིམ་དང་དུས་ཚོད་སོགས་ཀྱི་ཆ་འཕྲིན་མངོན་ཡོད།


བརྡ་འགྲེལ་གདོང་འཛར།

ཅོག་ངོས། མཐའ་བྱང་། རྒྱབ་ལྗོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-18

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།