WindowsVistaརྩ་བའི་སྤྱོད་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

WindowsVista སྒྲིག་འཇུག་བྱས་ཚར་རྗེས། སྤྱོད་མཁན་གྱིས་ཐད་ཀར་སྤྱོད་ཐུབ་པ་ཡིན་ཡང་། འཆར་ངོས་ནི་སྔར་གྱི་བཀོལ་སྤྱོད་རྒྱུད་ཁོངས་དག་དང་བསྡུར་ན་འགྱུར་ལྡོག་ཧ་ཅང་ཆེ་བས། དེ་ཡི་རྩ་བའི་སྤྱོད་ཚུལ་ངེས་པར་བྱ་དགོས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
WindowsVistaརྩ་བའི་སྤྱོད་ཚུལ།
རིགས་དབྱེ།
རྩིས་འཁོར།
1 ​ངོ་སྤྲོད།

WindowsVista སྒྲིག་འཇུག་བྱས་ཚར་རྗེས། སྤྱོད་མཁན་གྱིས་ཐད་ཀར་སྤྱོད་ཐུབ་པ་ཡིན་ཡང་། འཆར་ངོས་ནི་སྔར་གྱི་བཀོལ་སྤྱོད་རྒྱུད་ཁོངས་དག་དང་བསྡུར་ན་འགྱུར་ལྡོག་ཧ་ཅང་ཆེ་བས། དེ་ཡི་རྩ་བའི་སྤྱོད་ཚུལ་ངེས་པར་བྱ་དགོས།

2 འགོ་སློང་ཚུལ།

འགོ་སློང་མ་བྱས་གོང་ལ། གཙོ་འཁོར་དང་མངོན་ཆས་སོགས་ཀྱི་འབྲེལ་ཡོད་གློག་སྐུད་སྦྲེལ་དགོས་པ་དང་། དེ་ནས་གཙོ་འཁོར་སྒམ་ཐོག་གི་མཐེབ་གནོནpowerམནན་ན། རང་འགུལ་ངངWindowsVistaཡི་རྒྱུད་ཁོངས་སུ་སྐྱོད་ངེས་ཡིན།

3 མལ་གསོ་ཚུལ།

མལ་གསོ་ནི་རྩིས་འཁོར་འཁོར་སྐྱོད་བྱེད་སྟངས་ཀྱི་རྣམ་པ་དམིགས་བསལ་བ་ཞིག་ཡིན། ངལ་གསོའི་དུས་སུ་རྩིས་འཁོར་གྱི་བྱེད་ནུས་གཙོ་བོ་དག་གིས་ལས་ཀ་བྱེད་མཚམས་འཇོག་པ་དང་། སྒྲིག་ཆས་དག་ཀྱང་ནུས་པ་དམའ་བའི་རྟུལ་ཞུགས་ལ་གནས་ཡོད་ཅིང་། བརྙན་ཡོལ་དུ་འཆར་ངོས་ཅི་ཡང་མངོན་མི་སྲིད། དེ་དུས་རྩིས་འཁོར་དུ་ལས་ཀ་ཅི་ཡང་ལས་མི་ཐུབ་ཀྱང་། རྩིས་འཁོར་གྱི་ཁ་བརྒྱབ་མེད།

4 སྒྲོག་ཚུལ།

གལ་སྲིད་ལས་ཀའི་བར་གསེང་ནས་སྐབས་རེར་རྩིས་འཁོར་དང་ཁ་གྱེས་དགོས་པ་བྱུང་ཚེ། མི་གཞན་གྱིས་སྐུ་ཉིད་ཀྱི་རྩིས་འཁོར་བེད་སྤྱོད་བྱ་མི་ཐུབ་པའི་ཐབས་ལེགས་པོ་ཞིག་ནི་རྩིས་འཁོར་གྱི་ཁ་རྒྱག་པ་ལས་གཞན། རྩིས་འཁོར་བསྒྲོག་རྒྱུ་དེ་ཡིན། རྩིས་འཁོར་བསྒྲོགས་རྗེས། གསང་གྲངས་ཡང་བསྐྱར་བཅུག་སྟེ་ཐོ་འགོད་བྱ་དགོས་པ་ཡིན། དེ་ལྟར་བྱས་ན་རྩིས་འཁོར་ནང་གི་རྩ་ཆེ་བའི་ཡིག་ཆ་དང་རྒྱུ་ཆ་སོགས་གཞན་གྱིས་གང་བྱུང་དུ་སྔོག་མི་ཐུབ།

5 ཁ་རྒྱག་ཚུལ།

རྩིས་འཁོར་དུ་ལས་ཀ་མི་བྱེད་པའམ་ལས་མཚམས་འཇོག་ཚེ། རྩིས་འཁོར་དུ་ཁ་ཕྱེས་ཡོད་པའི་བྱ་རིམ་དང་སྒེའུ་ཁུང་འཆར་ངོས་དག་གི་ཁ་རྒྱག་དགོས་པ་དང་། དེ་ལྟར་ལག་བསྟར་བྱས་ནWindowsVistaབདེ་བླག་ངང་ཕྱིར་འདོན་བྱ་བཏུབ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-18

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།