བོད་ཀྱི་ཐང་ག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་ཐང་ག
ཐང་ག་ནི་རས་གཞིའི་སྟེང་དུ་བྲིས་ཤིང་རས་དྲིལ་བྱས་ཆོག་པའི་རི་མོ་ཞིག་སྟེ། རིས་ངོས་ཞིབ་ཚགས་ཡིན་ལ། ཐིག་རིས་གསལ་བ། ཚོན་མདངས་མཛེས་པ། ཕྲ་ཞིང་ཞིབ་ལས་ཡིན་པའི་རི་མོའི་འབྲི་སྟངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཐང་ག
རྒྱ་ཡིག་གི་མིང་།
唐卡
དབྱིན་ཡིག་གི་མིང་།
Thang-ga
ཁོངས་གཏོགས།
སྒྱུ་རྩལ།
1 ​གོ་དོན།

1.ཐང་ག་ནི་རས་གཞིའི་སྟེང་དུ་བྲིས་ཤིང་རས་དྲིལ་བྱས་ཆོག་པའི་རི་མོ་ཞིག་སྟེ། རིས་ངོས་ཞིབ་ཚགས་ཡིན་ལ། ཐིག་རིས་གསལ་བ། ཚོན་མདངས་མཛེས་པ། ཕྲ་ཞིང་ཞིབ་ལས་ཡིན་པའི་རི་མོའི་འབྲི་སྟངས་ཤིག་ཡིན།

2.ཐང་ག་ནི་རས་དང་ཤོག་བུའི་ངོས་ལ་བྲིས་པའི་ལྷ་སྐུའི་རི་མོ་དང་ཆོས་ལུགས་ཀྱི་ནང་དོན་ལྡན་པའི་རི་མོ་བྲིས་ཡོད་པའི་རས་དང་ཤོག་བུའི་མིང་ལ་བརྗོད་པ་ཡིན།

2 རིགས།

ཐང་གའི་རྒྱུ་ཆ་རིགས་མི་འདྲ་བར་བརྟེན་ནས་ཐང་ག་ལ་རིགས་མང་པོ་ཡོད་ལ་རྒྱུན་མཐོང་གི་ཐང་གའི་རིགས་ལ།

1.མཚོན་ཐང་།

2.གཙགས་དྲུབ་ཀྱི་ཐང་ག

3.གོས་དྲུབ་ཀྱི་ཐང་ག

4.ནག་ཐང་།

5.སྐྱ་རིས་ཀྱི་ཐང་ག

3 སྒྱུ་རྩལ་གྱི་ཁྱད་ཆོས།

1.ཞིབ་ཚགས་བཞུན་མོ་ཡིན་པ།

2.གཟི་རྔམས་ལྡན་པ།

3.ངོ་མཚར་ལྡན་པ།

4.རྒྱན་སྤྲས་མཚར་བ།

4 བྲིས་རྒྱུན།

1.ཞི་སྒང་ལུགས།

2.སྨན་ཐང་ལུགས།

3.མཁྱེན་བརྩེའི་ལུགས།

4.ཀརྨ་སྒར་བྲིས་ལུགས།

5.སྨན་གསར་ལུགས།

5 འབྲི་མཁན་གྱི་ཆ་རྐྱེན།

བོད་ཀྱི་ཐང་ག་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མཚོན་རྟགས་ཤིག་ཡིན་པས། དེས་ནང་པའི་རྗེས་འཇུག་པའི་དད་མོས་མཚོན་ཡོད། དེ་བས་ཐང་ག་འབྲི་མཁན་གྱི་ལྷ་བཟོའི་ཀུན་སྤྱོད་ལེགས་དགོས་པར་མ་ཟད། རབ་ཡིན་ན་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན་ན་བཟང་འདུག ཐང་ག་མ་བྲིས་པའི་སྔོན་ལ་ཆོ་ག་ཕྱག་ལེན་བསྒྲུབ་དགོས་པ་དང་། ཐང་གའི་རྒྱུ་ཆ་དང་ཐང་ག་འབྲི་བྱེད། ཐང་ག་འབྲི་ས་བཅས་ལ་དག་གཙང་ལེགས་པོ་བྱ་དགོས།

6 འབྲི་སྟངས།

ཐང་གའི་རས་གཞིའི་སྟེང་དུ་ལྷ་སྐུ་སོགས་ལང་ལ་དབབ་དགོས་པར་ས་བཅད་བགོ་བ་དང་། སྲིད་ཐིག་དང་འཕྲེལ་ཐིག བསེག་ཐིག་བཅས་གདབ་དགོས། སོལ་པིར་གྱིས་སྐྱ་རིས་བྲིས་རྗེས། ཐང་གའི་ནང་དོན་ལ་གཞིགས་ཏེ་དེ་མཚུངས་ཀྱི་ཚོན་མདངས་འབྱུག་དགོས། ཚོན་མདངས་དང་ཚོན་མདངས་བར་དུ་ཚོན་པིར་གྱིས་བཅད་རྒྱག་དགོས། ཚོན་གཏོང་དུས་དང་ཐོག་ཚོན་སྲབ་བུ་ཞིག་གཏོང་དགོས་པ་དང་། དེ་ནས་ཚོན་ཐུག་པོ་ཞིག་གཏོང་དགོས། ལྷ་སྐུ་འབྲི་སྐབས་དང་ཐོག་པད་ཁྲི་དང་དེ་ནས་རྒྱལ་ཡོལ། དེ་ནས་ལྷ་སྐུ་དངོས་བཅས་འབྲི་དགོས། ལྷ་སྐུའི་རྒྱབ་ཡོལ་དང་རྒྱབ་གོས་འབྲི་དུས་དང་ཐོག་མདངས་སྲབ་ས་འབྲི་བ་དང་དེ་ནས་མདངས་ཁ་ས་འབྲི་དགོས། གོས་རྒྱན་སྟེང་གི་རི་མོར་གསེར་སྐུད་འཐེན་དགོས་སོ།།

7 བཞེངས་པའི་གོ་རིམ།

1.རས་གཞི་རྐྱོང་འདུལ་ལམ་གཞི་འདུལ།

2.ཚངས་ཐིག

3.སྐྱ་རིས་འབྲི་བ།

4.ཚོན་གཏོང་བ།

5.གསེར་བྱུག་པ།

6.མདངས་རིམ་འབྱེད་པ།

7.བཅད་རྒྱག་པ།

8.སྤྱན་འབྱེད་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-29

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།