ང་སུ་རེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ང་སུ་རེད།
《ང་སུ་རེད》ཞེས་པའི་གློག་བརྙན་འདི་ནི་ཁྲེན་མུའུ་ཧྲེང་དང་ཁྲེང་ལུང་གིས་འཁྲབ་ཁྲིད་པའི་འགན་ཁུར་བའི་ཞང་ཀང་གི་དྲག་རྩལ་གློག་བརྙན་ཞིག་ཡིན་ལ། དེ་ནི་ཁྲེང་ལུང་དང་ཧྥ་ལཱ་མེ་སུའེ། ཧྲན་པུན་ཝེ་ལའེ་སོགས་ཀྱིས་གཙོ་འཁྲབ་བྱས། གློག་བརྙན་འདི་ནི་སྤྱི་ལོ1998ལོའི་ལུགས་རྙིང་གི་ལོ་གསར་ལ་བསྟན། འདིའི་ནང་དུ་ཀྲུང་དབྱང་གསང་འཕྲིན་ཁང་གིས“བདུད་རྡོ”སྒེར་འཛིན་བྱེད་པའི་ཆེད་དུ། ཁྱད་འཕགས་འཇབ་རྒོལ་རུ་ཁག་གི་ཁོངས་མི་ཅེ་ཁུ་སོགས་མི9ལྷོ་ཨ་ཧྥེ་རུ་ཁར་མངགས། བློ་ཡུལ་ལས་འདས་པ་ཞིག་ལ་གནམ་གྲུའི་རྐྱེན་ངན་བྱུང་ནས་ཅེ་ཁུའི་དྲན་པ་ཉམས་ཤིང་། ཁོངས་མི་གཞན་དག་རྐྱེན་ངན་དུ་ཤོར་ཏེ། དཀའ་བའི་གནས་སུ་ལྷུང་པའི་གནས་ཚུལ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
《ང་སུ་རེད》
རྒྱ་ཡིག་གི་མིང་།
《我是谁》
དབྱིན་ཡིག་གི་མིང་།
Who Am I?
ཡུན་ཚད།
སྐར་མ120
བསྒྱུར་དུས།
སྤྱི་ལོ1998ལོ།
འགྲེམ་དུས།
སྤྱི་ལོ1998ལོའི་སྤྱི་ཟླ1ཚེས19ཉིན།
བསྒྱུར་སའི་ས་ཚིགས།
ཞང་ཀང་།
བརྙན་རིགས།
དྲག་རྩལ།/ཉེན་མཆོངས།
སྐད་རིགས།
ཀོང་ཏུང་སྐད།/དབྱིན་སྐད།
ཁ་དོག
ཚོན་མདོག
འཁྲབ་ཁྲིད་པ།
ཁྲེན་མུའུ་ཧྲེང་། ཁྲེང་ལུང་།
གཙོ་འཁྲབ་པ།
ཁྲེང་ལུང་། ཧྥ་ལཱ་མེ་སུའེ། ཧྲན་པུན་ཝེ་ལའེ་སོགས།
ཁྲབ་གཞུང་སྒྲིག་མཁན་པ།
ཁྲེང་ལུང་། ཁྲེན་ཧྲུའུ་ཞན། ལི·ལེ་ནུའོ་ཚི།
བསྒྱུར་མཁན་པ།
ཧུ་ཀོན་ཁྲང་།
བྱ་དགའ་གཙོ་བོ།།
ཕུལ་བྱུང་གློག་བརྙན། ཕུལ་བྱུང་གཙོ་འཁྲབ་པ་ཕོ།
1 ངོ་སྤྲོད།

ཚན་རིག་པས་ལྷོ་ཨ་ཧྥེ་རུ་ཁ་ནས་བསད་རྨས་གཏོང་ཤུགས་ཆེ་བའི་གཏེར་རྡོ་ཞིག་གསར་རྙེད་བྱུང་བ་དང་། གལ་ཏེ་གཏེར་རྡོ་འདིའི་རིགས་འདར་འགུལ་བྱས་ན་ཤིན་ཏུ་ཆེ་བའི་ནུས་ཤུགས་འབྱུང་། ཀྲུང་དབྱང་གསང་འཕྲིན་ཁང་གིས་ཁྱད་འཕགས་དམག9བཀོད་སྒྲིག་བྱས་ཏེ་ལྷོ་ཨ་ཧླེ་རུ་ཁ་རུ་གཏེར་རྡོ་དང་ཚན་རིག་པ་གསུམ་པོ་བཅས་བཙན་ཁྲིད་བྱས། ཕྱིར་ལོག་པའི་ལམ་བར་དུ་གནམ་གྲུའི་དོན་རྐྱེན་བྱུང་ནས་ཅེ་ཁུ་ས་ཁུལ་དེའི་ཐུའུ་ཀྲུའུ་མི་ཡིས་བསྐྱབས་པ་ལས་གཞན་རྣམས་རྐྱེན་ལམ་དུ་ཤོར། ཅེ་ཁུའི་ཀླད་པར་རྨས་སྐྱོན་ཕོག་པའི་རྐྱེན་གྱིས་དྲན་པ་ཉམས་ཤིང་། ཁོ་རང་ཉིད་སུ་ཡིན་པ་ཡང་བརྗེད། ཚོ་བ་དེའི་མི་རྣམས་ཀྱིས་ཁོས་རྒྱུན་པར་རང་ཉིད་ལ“ང་སུ་རེད”ཅེས་འདྲི་བ་ཐོས་ནས་མིང་ཡང་དེ་ལྟར་བཏགས།

ཅེ་ཁུས་རྒྱུན་པར་སྔོན་གྱི་དྲན་ཤེས་ཐར་ཐོར་རེ་དྲན་འོང་པར་བརྟེན། ཚོ་བ་དེར་ཁ་བྲལ་ནས་དྲན་པ་དེ་དག་འཚོལ་དུ་ཕྱིན། ཅེ་ཁུ་ལམ་བར་དུ་རྨས་སྐྱོན་ཕོག་པའི་རླངས་འཁོར་འགྲན་ཞུགས་པ་མིང་སྲིང་གཉིས་ལ་འཕྲད་པ་དང་། དུས་ལྟར་སྨན་བཅོས་བྱས་པ་མ་ཟད་རླངས་འཁོར་འགྲན་བསྡུར་ལས་རྒྱལ་ཁ་བླངས་པས། ཅེ་ཁུ་ཚགས་པར་དང་དུས་དེབ་ཀྱི་མདུན་ཤོག་ཏུ་གྱུར། ཚགས་པར་ཁང་གི་གསར་འགོད་པ་ཁུ་ལི་སི་ཐིང་གིས་དེའི་ཆེད་དུ་ཅེ་ཁུ་ལ་སྐབས་དང་པོའི་ཆེད་འདྲི་བྱེད་རྩིས་བྱས། འོན་ཀྱང་ཅེ་ཁུ་ལ་ད་ལྟ་དེའི་བསམ་པ་གཏན་ནས་མེད། ཁོའི་འདོད་པ་ཉག་གཅིག་ནི་རང་གི་ཐོབ་ཐང་ཤེས་འདོད་པ་དེ་རེད། ཅེ་ཁུ་མིང་དུ་གྲགས་པའི་རྗེས་སུ་རང་ཉིད་མོ་ཀེན་ཡིན་ཟེར་བའི་ཀྲུང་དབྱང་གསང་འཕྲིན་ཁང་གིས་ཁ་རོག་གེར་ཁོ་རང་བཙལ་བྱུང་བ་མ་ཟད། ཁོའི་ཀླད་པར་ཞིབ་བཤེར་བྱས་ཤིང་། ཀླད་པར་རྨས་སྐྱོན་ཕོག་ཏེ་དྲན་པ་ཉམས་པ་ངོས་འཛིན་བྱས། མོ་ཀེན་གྱིས་ཁ་པར་མིང་བྱང་ཞིག་ཁོ་ལ་སྤྲད་ནས། དྲན་པ་སླར་གསོ་བྱུང་ན་ནམ་དུས་སུ་ཁོ་རང་ལ་འབྲེལ་གཏུགས་བྱེད་པའི་གོ་བརྡ་སྤྲད། ཅེ་ཁུས་སྤྱིར་ནས་ཅི་ཡིན་འདི་ཡིན་ཤེས་མེད་པ་དང་། ད་ལྟ་ལྷོ་ཨ་ཧྥེ་རུ་ཁའི་ཉེན་རྟོག་ཕྱོགས་ཀྱིས་ཡང་ཁོ་ཚོའི་ཚན་རིག་པ་བཙན་ཁྲིད་བྱས་སོང་ཟེར་ནས་འཛིན་གྲབས་བྱས་པས། ལྷག་ཏུ་དོན་དག་ཧྲིལ་པོའི་འབྱུང་རྐྱེན་ཉ་ཉུང་མཉམ་བསྲེས་སུ་གྱུར། དོན་རྐྱེན་ཧྲིལ་པོར་གསལ་ཁ་ཐོན་ཆེད། ཅེ་ཁུ་འུ་ཐུག་ནས་ཉེན་རྟོག་པ་རྨས་ནས་བྲོས་པ་མ་ཟད། ཁུ་ལི་སི་ཐིང་གི་རོགས་སྐྱོར་འོག་ཧུ་ལན་དུ་སོང་། དེ་ནི་ཁོས་དྲན་པའི་གྲོང་ཁྱེར་གཅིག་པུ་རེད།

ཨ་མུའུ་སི་ཐུ་ཏན་སྲང་མགོ་ནས། ཅེ་ཁུས་མོ་ཀེན་ལ་ཁ་པར་བཏང་པ་དང། འོན་ཀྱང་ཅུང་མ་འགོར་པར་ཐོབ་ཐང་མི་ཤེས་པའི་མི་སྐོར་ཞིག་གིས་ཁོ་ལ་འཇབ་རྒོལ་བྱས། དེ་དང་མཉམ་དུ། ཅེ་ཁུས་ཁུ་ལི་སི་ཐིང་གིས་གསང་བའི་དྲག་ཆས་དང་ལྐོག་ཉན་སྒྲིག་ཆས་འབོར་ཆེན་ལུས་དང་འབྲལ་མེད་ཁྱེར་ཡོད་པ་མཐོང་ནས། སྤྱིར་བཏང་གི་གསར་འགོད་པ་ཞིག་མིན་པ་ཤེས། ཁུ་ལི་སི་ཐིང་ལ་ཐབས་ཟད་ནས་རང་ཉིད་ཀྲུང་དབྱང་གསང་འཕྲིན་ཁང་གི་ཆེད་མངགས་མི་སྣ་ཡིན་པ་ཁས་ལེན་བྱས། ད་ལྟ་ཀྲུང་དབྱང་གསང་འཕྲིན་ཁང་གིས་ནང་རུལ་པ་ཡོད་པ་དོགས་པ་ཟས་པས། ཁུ་ལི་སི་ཐིང་གསར་འགོད་པར་བརྫུས་ཏེ་ཅེ་ཁུ་ལ་བརྟག་དཔྱད་བྱེད་དུ་འོང་། དོན་ངོ་མར་དོན་དངོས་ཅི་འདྲ་ཡིན་པ། ད་ལྟ་ཁུ་ལི་སི་ཐིང་དང་ཅེ་ཁུ་གཉིས་ཀར་ཁུངས་སྣེ་ཅི་ཡང་མེད།

དོན་དངོས་སྟེང་། སྐབས་དེར་ཀྲུང་དབྱང་གསང་འཕྲིན་ཁང་གིས་ཁྱད་འཕགས་མི9བཀོད་སྒྲིག་བྱས་ནས་ཚན་རིག་པ་དང“བདུད་རྡོ”ཁྱེར་བ་དེ། མོ་ཀེན་དང་ཁོའི་གོང་རིམ་མི་སྣའི་གཡོ་ཐབས་ཤིག་རེད།  མོ་ཀེན་གྱིས་ཚན་རིག་པ་དང་གཏེར་རྡོ་དེ་ཚོད་ལྟ་ཁང་དུ་ཁྱེར་འོང་པ་མ་ཟད། གོང་མཐོན་པོའི་ངང་བསད་རྨས་གཏོང་ཤུགས་ཆེ་བའི་གཏེར་རྡོ་དེ་རྒྱལ་སྤྱིའི་ནག་ཚོགས་ཕྱོགས་ཁག་ལ་བཙོང་རྩིས་བྱས། མི་གཞན་དག་ལ་མགོ་སྐོར་གཏོང་ཆེད་གནམ་གྲུའི་དོན་རྐྱེན་གྱི་སྣང་ཚུལ་བཟོས་ནས། ཁྱད་འཕགས་དམག་དེ་དག་མི་བསད་ཁ་བཀག་གིས་དོན་དག་ཡོད་ཚད་ཁོ་ཚོར་ཁག་འགེལ་བྱེད་བསམ། བློ་ཡུལ་ལས་འདས་པ་ཞིག་ལ་ཅེ་ཁུ་སྲོག་ཉེན་ལས་ཐར། ད་ལྟ་མོ་ཀེན་གྱིས་ཅེ་ཁུའི་དྲན་པ་རིམ་བཞིན་སླར་སོས་ཡོང་བཞིན་པ་དང་མུ་མཐུད་དུ་དོན་དག་ལ་རྩད་གཅོད་བྱེད་ཀྱིན་པ་ཤེས་པས། དོན་དག་ཤེས་པར་སྐྲག་ཏེ་མི་མངགས་ནས་ཅེ་ཁུ་འདེད་གསོད་བྱས། དེ་དང་མཉམ་དུ་ནག་ཚོགས་ཀྱི་ཁོངས་མིས་ཀྱང་ཅེ་ཁུ་གསོད་རྩིས་བྱས་པ་དང། ད་དུང་ལྷོ་ཨ་ཧྥེ་རུ་ཁའི་ཉེན་རྟོག་ཕྱོགས་ཁག་གིས་འཛིན་བཟུང་བཀའ་རྒྱ་བཀྲམ་པས་ཁོ་ལ་སྡོད་སའི་གནས་པར་གྱུར། སྟབས་ལེགས་པ་ཞིག་ལ་ཁུ་ལི་སི་ཐིང་གི་རོགས་སྐྱོར་འོག་ཏུ། མཐར་ཅེ་ཁུས་མོ་ཀེན་གྱི་འཆར་གཞི་བརླགས་ནས་སྲོག་ཤོར་བའི་ཁྱད་འཕགས་དམག8པོར་དགྲ་ཤ་བླངས་ཤིང་། དེ་དང་ལྷན་དུ་“བདུད་རྡོ”ཡིས་གནོད་འཚེ་ཆེན་པོ་འབྱུང་བར་ཡང་བཀག་འགོག་བྱས་སོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-28

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།