པོ་ཧེའི་འགལ་ཟླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པོ་ཧེའི་འགལ་ཟླ།
པོ་ཧེའི་འགལ་ཟླ་ཞེས་པ་ནི་སྤྱི་ལོ1992ལོ་ནས་སྤྱི་ལོ1995ལོའི་བར་ཡུ་གོ་སི་ལ་ཝི་ཡ་སྔོན་པའི་པོ་སི་ནའེ་ཡ་དང་མོ་སེ་ཀུ་ཝེ་ན་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་མི་རིགས་དང་ཆོས་ལུགས་བར་གྱི་ས་ཁུལ་དམག་འཁྲུག་ཅིག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང།
波黑冲突
ཁོངས་གཏོགས།
དམག་འཁྲུག
ས་གནས།
པོ་སི་ནའེ་ཡ་དང་མོ་སེ་ཀུ་ཝེ་ན་སྤྱི་མཐུན་རྒྱལ་ཁབ།
དུས་ཚོད།
སྤྱི་ལོ(1992-1995)
1 ངོ་སྤྲོད་མདོར་བསྡུས། 

པོ་ཧེའི་འགལ་ཟླ་ཞེས་པ་ནི་སྤྱི་ལོ1992ལོ་ནས་སྤྱི་ལོ1995ལོའི་བར་ཡུ་གོ་སི་ལ་ཝི་ཡ་སྔོན་པའི་པོ་སི་ནའེ་ཡ་དང་མོ་སེ་ཀུ་ཝེ་ན་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་མི་རིགས་དང་ཆོས་ལུགས་བར་གྱི་ས་ཁུལ་དམག་འཁྲུག་ཅིག་ལ་ཟེར།

2 ནང་དོན།

སྤྱི་ལོ1991ལོར་པོ་ཧེའི་པོ་ཧྲི་ནེ་ཡ་རིགས(མོ་སི་ལན)དང་། ཁུ་ལོ་ཏི་ཡའི་རིགས་ཀྱིས་རང་བཙན་བྱ་དགོས་པའི་རེ་མདུན་བཏོན་ལ། སེ་ཨར་ཝེ་ཡའི་རིགས་ཀྱིས་མུ་མཐུད་དུ་ནན་སི་ལ་ཧྥུ་ནས་འདུག་པའི་བསམ་ཚུལ་བཏོན། སྤྱི་ལོ1992ལོའི་ཟླ4པར་རྒྱལ་ཡོངས་ཀྱི་ནང་འཁྲུག་ཕྱོགས་ཡོངས་ནས་ལངས། སྤྱི་ལོ1995ལོའི་བར་མི་ཁྲི25ཤི་བ་དང་ཁྲི200མུག་དམངས་སྤྲང་འཁྱམ་དུ་གྱུར། སྤྱི་ལོ1995ལོའི་ཟླ11པའི་ཚེས21ཉིན་པོ་ཧེའི་དང་ཁུ་ལོ་ཏི་ཡ། ཡུ་གོ་སི་ལ་ཝི་ཡའི་མནའ་འབྲེལ་བཅས་ཀྱི་མགོ་ཁྲིད་པ་ཨ་རིར་འཛོམས་ནས་ཞི་བའི་གྲོས་ཆིངས་ལ་མིང་རྟགས་བཀོད། པོ་ཧེའི་བདག་དབང་ཡོད་པའི་རྒྱལ་ཁབ་ཀྱི་གནས་བབ་རྒྱུན་འཛིན་ཞིང་། དེ་ནི་མོ་ཁུ་རྒྱལ་ཕྲན་མཉམ་འབྲེལ་དང་སེ་རིགས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་གྲུབ་པ་དང་། ཕྱོགས་གཉིས་ཀྱིས་མངའ་ཁོངས51%དང49%འཛིན་རྒྱུ་བྱས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།