རི་མོའི་བྱེ་བྲག་གི་དབྱིབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རི་མོའི་བྱེ་བྲག་གི་དབྱིབས།
རི་མོའི་བྱེ་བྲག་གི་དབྱིབས་ཞེས་པ་ནི་རི་མོ་ཞིག་གི་གཟུགས་ཧྲིལ་བོའི་ཆ་ཤས་སོ་སོ་ལ་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བྱེ་བྲག་གི་དབྱིབས།
ཁོངས་གཏོགས།
སྒྱུ་རྩལ།
1 ​གོ་དོན།

རི་མོའི་བྱེ་བྲག་གི་དབྱིབས་ཞེས་པ་ནི་རི་མོ་ཞིག་གི་གཟུགས་ཧྲིལ་བོའི་ཆ་ཤས་སོ་སོ་ལ་ཟེར་བ་ཡིན་ལ། ཆ་ཤས་དེ་དག་ཕྱོགས་གཅིག་ཏུ་འདུས་ནས་དོན་ཆ་ཚང་མཚོན་པའི་རི་མོ་ཧྲིལ་གཟུགས་གཅིག་གྲུབ་པ་ཡིན།

དཔེར་ན། ཚེ་རིང་རྣམ་དྲུག་ལ་མཚོན་ན་སྤྱི་དབྱིབས་ཚེ་རིང་རྣམ་དྲུག་དང་། བྱེ་བྲག་གི་དབྱིབས་ནི་ཤ་བ་ལྟ་བུ་དང་།ཤ་བ་ལ་མཚོན་ན་སྤྱི་དབྱིབས་ཤ་བ་དང་།བྱེ་བྲག་གི་དབྱིབས་ནི་ཤ་བའི་མགོ་དང་ཡན་ལག་ལ་ཟེར་བ་དང་།དེ་བཞིན་མགོ་ལ་མཚོན་ན་སྤྱི་དབྱིབས་མགོ་དང་།མིག་ལ་མཚོན་ན་སྤྱི་དབྱིབས་མིག་སོགས་ཡིན་པ་ཞིབ་ཏུ་རྟོགས་པར་བྱ་བ་དང་།མདོར་ན་སྤྱི་དང་བྱེ་བྲག་གི་དབྱིབས་གང་བྱུང་ཡང་གཙོ་ཕལ་ཞིག་གིས་གྲོགས་རམ་དང་གོ་རིམ་བྱེད་པ་མ་གཏོགས་སྤྱི་དབྱིབས་དང་ཁོག་དབྱིབས་ཀུན་ལ་ཡོད་པས་ཐམས་ཅད་སོ་སོའི་སྤྱི་དབྱིབས་ནས་འབྲི་ཞིང་། གཙོ་བོའི་ཁོག་དབྱིབས་ལ་བསྟུན་ནས་འབྲི་ཤེས་པར་བྱ་བ་དེ་ནི་རི་མོའི་འགྲོས་ཤེས་པ་དང་། འབྲི་ཡུལ་དངོས་ལ་མིག་ཚོད་དང་ལག་ཚོད་ཐིག་པོ་ཞིག་ཡོང་བའི་ཆེད་དུ་ཡིན་ལ། རི་མོའི་དཔེ་ལྟར་ཇི་མ་ཇི་བཞིན་འབྲི་ཐུབ་མིན་ནི། འབྲི་སའི་ཡུལ་གྱི་ཐོག་ཏུ་ཡོད་མེད་དང་། འབྲི་ཡུལ་གཏན་འཁེལ་ཐུབ་མིན་འདི་ཁོ་ནར་ཡིན་པས། ལས་དང་པོ་པ་ལ་ཐོ་དབྱིབས་ནས་འགོ་རྩོམ་པའི་གོ་རིམ་གྱི་འབྲི་ཐབས་འདི་རྣམས་ཤིན་ཏུ་གལ་ཆེ་བ་ཡིན་ནོ།།  

གཞན་ཡང་། དབྱིབས་སོགས་རི་མོ་རགས་བྲིས་ཀྱི་སྐབས་དང་། ཁ་དོག་ལ་བཤལ་མདངས་སོགས་ཐང་གའི་རི་མོ་འབྲི་བའི་ནང་དུ་ཅུང་མགྱོགས་ན་རུང་བའི་སྐོར་ཡིན་པས། དེ་ལུགས་བྲིས་ན་རང་གི་རིག་པའང་དྲུང་པོ་ཆགས་ཤིང་དུས་ཚོད་དམ་འཛིན་བྱས་པ་སོགས་དགེ་མཚན་ཧ་ཅང་མང་པས་ལེགས་མགྱོགས་དག་གསུམ་ལའང་སྐབས་བབས་ཀྱི་དགོས་མཁོ་དང་བསྟུན་ནས་འབྲི་ཤེས་པར་བྱའོ།།

2 འབྲི་སྟངས།

རི་མོའི་ཚོགས་ཚོར་གྱི་རི་མོའི་ཆ་ཤས་དང་། གཟུགས་ཧྲིལ་བོའི་ཆ་ཤས་ལ་ཟེར་བ་ཡིན་པས། རི་མོ་ཞིག་གི་བྱེ་བྲག་གི་དབྱིབས་འབྲི་སྐབས་ཐོག་མར་རི་མོའི་སྤྱི་དབྱིབས་གཏན་འཁེལ་བྱེད་དགོས་པ་ཡིན། རི་མོའི་སྤྱི་དབྱིབས་ཀྱི་རྣམ་པ་དང་ཆེ་ཆུང་ལ་གཞིགས་ནས་བྱེ་བྲག་གི་ཆ་ཤས་དེ་དག་གི་ཆེ་ཆུང་དང་གནས་ས། སྟེང་འོག གཡས་གཡོན། བརྩེགས་རིམ་སོགས་གཏན་འཁེལ་བྱེད་དགོས།

བྱེ་བྲག་གི་སྣང་བརྙན་སོ་སོ་ནི་རི་མོ་དེ་གྲུབ་པའི་ཁྲག་རྒྱུན་ལྟ་བུ་ཡིན་པས། ཕན་ཚུན་བར་འབྲེལ་བ་དམ་ཟབ་ཡོད། ཆ་ཤས་སོ་སོའི་བར་ཐག་དང་ཆེ་ཆུང་། སྨྱུག་ཁའི་འཁོར་ཕྱོགས་སོགས་ལ་གཟབ་གཟབ་གནང་དགོས་པ་ཡིན། དེ་ལྟར་མ་བྱས་ཚེ་ལོང་པ་ལམ་ལ་ཆས་པ་ལྟ་བུ་ཡིན།

3 དགོས་པ།

བྱེ་བྲག་གི་ཆ་ཤས་ལེགས་པོ་འབྲི་ཐུབ་མིན་དང་སྤྱི་དབྱིབས་དང་གཞི་གཅིག་ཏུ་འདྲེས་ཐུབ་མིན་ཏེ། བྱེ་བྲག་གི་ཆ་ཤས་སོ་སོ་འཆར་འགོད་བྱས་པ་འཚམ་པོ་དང་འབྲི་ཐུབ་ཡོད་མེད་ལ་ཐུག་ཡོད་པ་ཞིག་ཡིན་ལ། རི་མོའི་སྣང་བརྙན་བཞེངས་སྐྲུན་བྱས་པ་ཀུན་དང་མཐུན་པོ། ལྟ་མཁན་གྱི་མིག་གི་དགའ་སྟོན་དུ་འགྱུར་ཐུབ་མིན་ལ་ཡང་རག་ལས་ཡོད་དོ།།

བརྡ་འགྲེལ་གདོང་འཛར།

རི་མོ། བྱེ་བྲག་གི་དབྱིབས། ཆ་ཤས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-28

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།