ཀོ་རི་ཡའི་དམག་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོ་རི་ཡའི་དམག་འཁྲུག་ཅེས་པ་ནི་ཀོ་རི་ཡ་དང་། ཧན་གོ་དང་ཨ་རི་བཅས་ཀྱི་དམག་འཁྲུག་ལ་ཟེར་ཞིང་། སྤྱི་ལོ1950ལོའི་ཟླ6པའི་ཚེས25ནས་སྤྱི་ལོ1953ལོའི་ཟླ7པའི་ཚེས27བར་དམག་འཁྲུག་བརྒྱབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朝鲜战争
དུས་ཚོད།
སྤྱི་ལོ(1950.6.25-1953.7.27)
1 ​ངོ་སྤྲོད་མདོར་བསྡུས།

སྤྱི་ལོ1950ལོའི་ཟླ8པའི་ཚེས30ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཀྲུའུ་ཨེན་ལེས“ཀྲུང་གོའི་མི་དམང་ཀྱིས་ཕྱི་རྒྱལ་བཙན་རྒྱལ་ལ་གཉའ་མི་སྒུར་ལ། བཙན་རྒྱལ་རིང་ལུགས་རྒྱལ་ཁབ་ཀྱིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ལ་བཙན་འཛུལ་བྱས་པར་རང་དགར་གཏན་ནས་མི་འཇོག”ཅེས་བསྒྲགས།

ཀོ་རི་ཡའི་དམག་འཁྲུག་ཅེས་པ་ནི་ཀོ་རི་ཡ་དང་། ཧན་གོ་དང་ཨ་རི་བཅས་ཀྱི་དམག་འཁྲུག་ལ་ཟེར་ཞིང་། སྤྱི་ལོ1950ལོའི་ཟླ6པའི་ཚེས25ནས་སྤྱི་ལོ1953ལོའི་ཟླ7པའི་ཚེས27བར་དམག་འཁྲུག་བརྒྱབ་པའོ།།

2 ལོ་རྒྱུས་གནད་བས

འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ནས་ཀོ་རི་ཡའི་གསུམ་བརྒྱད་མཚམས་ཐིག་གི་ལྷོ་ཕྱོགས་ནས་ཧན་གོ་རྒྱལ་ཁབ་བཙུགས་པ་དང་། བྱང་ནས་ཀོ་རི་ཡའི་དམངས་གཙོ་རིང་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་བཙུགས། ཕྱོགས་གཉིས་ཆར་འགལ་བ་ཆུང་ངུ་རྟག་ཏུ་བྱུང་ལ། སྤྱི་ལོ1950ལོའི་ཟླ6པའི་ཚེས25ཉིན་ཀོ་རི་ཡའི་དམག་འཁྲུག་ཐོལ་གྱིས་བྱུང་། ཟླ7པའི་ཚེས7ཉིན་ཨ་རི་སོགས་རྒྱལ་ཁབ15ཡིས“མཉམ་འབྲེལ་དམག་དཔུང་བཙུགས”ཤིང་། D.མའེ་ཁུ་ཨ་སིའི་སྤྱིའི་བཀོད་འདོམས་པའི་འགན་ཁུར་ནས་ཀོ་རི་ཡའི་དམག་འཁྲུག་དེ་ཨ་རིའི་བཙན་འཛུལ་གྱི་དམག་འཁྲུག་ལ་གྱུར། སྤྱི་ལོ1950ལོའི་ཟླ10པའི་ཚེས25ཉིན་ཕུང་ཏི་ཧེ་ཡིས་སྤྱི་ཁྱབ་བཀོད་འདོམས་པའི་འགན་བཞེས་པའི་ཀྲུང་གོའི་མི་དམངས་དང་བླངས་དམག་གིས་ཡཱ་ལོང་གཙང་བོ་བརྒལ་ནས་ཀོ་རི་ཡར་དམག་རོགས་ལ་སོང་། སྤྱི་ལོ1951ལོར་ཀོ་རི་ཡ་དང་ཀྲུང་གོའི་དམག་གིས་གཡུལ་འགྱེད་ཆེན་པོ་ཐེངས་ལྔ་བརྒྱབ་ནས་མཉམ་འབྲེལ་དམག་དཔུང་ཡཱ་ལོང་གཙང་བོ་ནས་གསུམ་བརྒྱད་མཚམས་ཐིག་གི་ཕྱོགས་སུ་བརྫངས། སྤྱི་ལོ1950ལོའི་ཟླ6ནས་གྲོས་མོལ་གྱི་མགོ་བཙུགས་པ་དང་། སྤྱི་ལོ1953ལོའི་ཟླ7པའི་ཚེས27ཉིན་ཀོ་རི་ཡའི་མི་དམངས་དམག་དཔུང་གི་ཆེས་མཐོའི་བཀོད་འདོམས་པ་ཅིན་རུན་ཁྲིན་དང་ཀྲུང་གོའི་མི་དམངས་དང་བླངས་དམག་གི་བཀོད་འདོམས་པ་ཕང་ཏེ་ཧེ་གཉིས་དང་། མཉམ་འབྲེལ་དམག་དཔུང་གི་སྤྱིའི་བཀོད་འདོམས་པ་ཁུ་ལ་ཁུ་སོགས་ཀྱིས《ཀོ་རི་ཡའི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆིངས》དང《མིག་སྔའི་ཁ་གསབ་གྲོས་ཆིངས》ལ་མིང་རྟགས་བཀོད་ཅིང་། ཀོ་རི་ཡའི་དམག་འཁྲུག་མཚམས་བཞག་གོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།