ལྷ་སྐུའི་སྤྱི་དབྱིབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་སྐུའི་སྤྱི་དབྱིབས།
ལྷ་སྐུའི་སྤྱི་དབྱིབས་ཟེར་བ་ནི་ལྷ་སྐུ་འབྲི་སྐབས་ཀྱི་ཐོག་མའི་ཕྱིའི་ཤ་གཟུགས་ཀྱི་རྣམ་པའི་སྐྱ་རིས་ཙམ་དང་། སྤྱི་ཁོག་མཚོན་པའི་སྤྱི་བམ་པའི་གཟུགས་རིས་ཙམ་ལ་བརྗོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སྤྱི་དབྱིབས།
ཁོངས་གཏོགས།
སྒྱུ་རྩལ།
1 གོ་དོན།

ལྷ་སྐུའི་སྤྱི་དབྱིབས་ཟེར་བ་ནི་ལྷ་སྐུ་འབྲི་སྐབས་ཀྱི་ཐོག་མའི་ཕྱིའི་ཤ་གཟུགས་ཀྱི་རྣམ་པའི་སྐྱ་རིས་ཙམ་དང་། སྤྱི་ཁོག་མཚོན་པའི་སྤྱི་བམ་པའི་གཟུགས་རིས་ཙམ་ལ་བརྗོད་ཀྱི་ཡོད་པ་དང་། སྤྱི་དབྱིབས་ནི་ལྷ་སྐུ་དེ་འབྲི་བའི་ཆེ་ཆུང་གི་ཚད་ལ་སྔོན་འགྲོའི་ལམ་སྟོན་བྱེད་དང་བྲི་བྱ་དེའི་བྱེ་བྲག་སོ་སོའི་ཚད་ལ་སྔོན་དཔག་བྱེད་པ། འབྲི་བྱེད་ཀྱི་རས་གཞི་དང་ཤོག་གྲིལ། ཡང་ན་རྡོ་དང་ཤིང་སོགས་བརྐོ་སའི་དངོས་པོ་དེའི་སྟེང་ཆེ་ཆུང་ཚད་ག་འདྲ་བ་ཞིག་འཚམ་པ་སྔོན་དཔག་དང་ཚད་ལེན་བྱེད་པའི་གཞི་འཛིན་ས་ཡང་། སྤྱི་དབྱིབས་ཚད་ལྡན་ཡིན་མིན་དེ་ཐད་ཀར་ལྷ་སྐུ་དེ་བྲི་བྱའི་ཡུལ་དང་ཆེ་ཆུང་ཚད་ལྡན་ཡིན་མིན་དང་མཛེས་དཔྱོད་ལ་འབྲེལ་ཡོད། དེ་བས། ལྷ་སྐུའི་སྤྱི་དབྱིབས་ཚད་ལྡན་ཞིག་འབྲི་རྒྱུ་ནི་རི་མོ་དེ་ལེགས་འགྲུབ་འབྱུང་མིན་གྱི་འགག་རྩ་ཞིག་ཡིན་ནོ།།

2 འབྲི་སྟངས།

སྤྱིར་ཐང་ག་གྲུ་བཞི་དེ་ནི་སྤྱི་དབྱིབས་ཆེན་མོ་ཡིན་ཡང་རི་མོའི་ཚོགས་དང་ཚོའམ་སྤྱི་དང་བྱེ་བྲག་གི་དབྱིབས་ལ་ཟེར་བ་མ་ཚད། རི་མོའི་གཟུགས་ཧྲིལ་བོ་ཞིག་གི་ཁོག་དང་ཡན་ལག་ལ་ཟེར་ཡང་དེ་དག་རྣམས་གོང་གི་ཐོ་རིས་ལ་བརྟེན་ནས། འཕྱང་ཐིག་ཆུ་ཐིག་གསེག་ཐིག་སོགས་ཀྱི་གཞོགས་འདེགས་དང་བསྟུན་ནས། རིག་པས་སྐབས་སུ་བབས་པའི་དབྱིབས་གང་བྱུང་ཡང་གནད་འཁེལ་བའི་སྒོ་ནས་སྤྱི་དང་བྱེ་བྲག་གི་ཁོག་དབྱིབས་རགས་པ་འབུབས་པར་བྱ་བ་དང་། འཁོར་གྱི་སྐུ་གཟུགས་སྐོར་ནི་ཐོག་མ་སྤྱི་དབྱིབས་ཟླུམ་པོ་ཁོ་ནར་བྱེད་ནས་འབྲི་བ་ཡོད་ཀྱང་གོ་རིམ་སྤྱི་འགྲོས་ལྟར་འབྲི་དགོས་སོ།།

3 དགོས་པ།

གོང་དུ་སྨོས་པ་བཞིན་སྤྱི་དབྱིབས་འབྲི་བ་ནི་བྲི་བྱའི་རི་མོའི་ཆེ་ཆུང་དང་བྲི་བྱའི་ཡུལ་གྱི་ཆེ་ཆུང་གཉིས་ཚད་ལྡན་དུ་ཡོང་བ་དང་མཛེས་དཔྱོད་ཀྱི་ཁྱད་ཆོས་དེ་ཡོང་བའི་རྨང་གཞིའི་ཆ་ཤས་ཡིན་ནོ།། སྤྱི་དབྱིབས་ཚད་ལྡན་ཞིག་ཡོང་དགོས་ན་རི་མོ་འབྲི་བའི་རྨང་གཞི་ཡག་པོ་ཞིག་དགོས་པ་མ་ཟད། འབྲི་མཁན་པ་ལ་རི་མོའི་ཚད་ལེན་པའི་ཉམས་མྱོང་དང་སེམས་ཀྱི་བློས་དཔག་གི་ནུས་པ་ཞིག་ཀྱང་དགོས་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-28

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།