ལྷ་སྐུའི་ཚངས་ཐིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་སྐུའི་ཚངས་ཐིག
ལྷ་སྐུའི་ཚངས་ཐིག་ཅེས་པ་ནི་ལྷ་སྐུ་སོགས་ལ་ཐོག་མར་སྐྱ་རིས་འབྲི་སྐབས་སྐུའི་གཟུགས་ཀྱི་ཆེ་ཆུང་དང་བོངས་ཚད། སྙོམས་ཚད་སོགས་ཀྱི་མཛེས་ཉམས་ཀྱི་ཆ་ཡང་དག་པར་འོང་ཆེད་གནས་ངེས་ཅན་ཞིག་ལྟེ་བ་བྱས་ནས་ཐོག་མར་བཏབ་པའི་དྲང་ཐིག་གམ་དབུས་ཐིག་ལ་གོ།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཚངས་ཐིག
རྒྱ་ཡིག་གི་མིང་།
基线,中线,梵线
དབྱིན་ཡིག་གི་མིང་།
diameter
ཁོངས་གཏོགས།
སྒྱུ་རྩལ།
1 གོ་དོན།

ལྷ་སྐུའི་ཚངས་ཐིག་ཅེས་པ་ནི་ལྷ་སྐུ་སོགས་ལ་ཐོག་མར་སྐྱ་རིས་འབྲི་སྐབས་སྐུའི་གཟུགས་ཀྱི་ཆེ་ཆུང་དང་བོངས་ཚད། སྙོམས་ཚད་སོགས་ཀྱི་མཛེས་ཉམས་ཀྱི་ཆ་ཡང་དག་པར་འོང་ཆེད་གནས་ངེས་ཅན་ཞིག་ལྟེ་བ་བྱས་ནས་ཐོག་མར་བཏབ་པའི་དྲང་ཐིག་གམ་དབུས་ཐིག་ལ་གོ་བ་ཡིན་ཞིང་། དེ་ནི་ལྷ་སྐུ་དང་མཆོད་རྟེན། རྟེན་བཞེངས་སོགས་ཡོད་ཚད་ཀྱི་གཞི་རྩའི་ཐིག་ཡིན། དེ་ལ་བརྟེན་ནས་བཞེངས་བྱའི་རྟེན་གྱི་ཆེ་ཆུང་དང་བོངས་ཚད་ཀྱི་ཆ་ཚད་བགོ་འགྲེམ་བྱེད་དགོས་པ་ཡིན།

2 མིང་གི་བྱུང་དོན།

ཚངས་ཐིག་ཅེས་པ་དེ་ལྷ་ཆེན་ཚངས་པའི་མཚན་ལས་བྱུང་བ་ཞིག་ཡིན་ཡང་ཐིག་རྩའི་ཐིག་རྣམས་བསྡུས་ནས་ཚངས་ཐིག་སོར་བཞག་བྱས་པ་དང་། དེ་དང་མ་བྲལ་བ་ནི་བོད་ལུགས་རི་མོ་འབྲི་སྲོལ་གྱི་ཁྱད་ཆོས་ཤིག་སྟེ། སྐུ་གཟུགས་རྣམས་དང་། དེ་བཞིན་ཕྱག་མཚན་དང་། རྫས་རྟགས་སོགས་རི་མོ་གཡས་གཡོན་འདྲ་བའི་རིགས་རྣམས་ཚངས་ཐིག་ལ་བརྟེན་ནས་བྲིས་ན་འབྲི་རྟགས་སླ་བ་ལ་ཕན་པ་དང་། གྱང་ལྷ་དང་འབུར་སྐུ་སོགས་ལ་འཕྱང་ཐིག་དང་ཆུ་ཐིག་དག་ལ་བརྟེན་དགོས་པ་ཞོར་ལས་རྟོགས་པ་ཡིན་ནོ།།

3 དགོས་པ།

ཚངས་ཐིག་བཏབ་པ་དེས་བཞེངས་བྱའི་ལྷ་སྐུ་དང་རྟེན་བཞེངས་སོགས་ཀྱི་བྱ་བ་དེ་ལེགས་འགྲུབ་དང་མཛེས་དཔྱོད་ཀྱི་ཆ་མི་ཤོར་བ། གཡས་གཡོན་དང་ཕྱག་མཚན། ཆ་འགྲིག་རི་མོའི་དོ་སྙོམས་ཀྱི་ཚད་མི་ཤོར་བ། ཐོག་མའི་སློབ་པ་པོ་ཞིག་ལ་མཚོན་ན་ལྷ་སྐུའི་ཆ་ཚད་སོ་སོའི་འབྲི་སྟངས་ཀྱི་ཚད་རྗེས་ལོན་སླ་བ། འབྲི་བདེ་བ་དང་སློབ་བདེ་བ་སོགས་ཀྱི་ཕན་ནུས་ལྡན་ཡོད་དོ།།


བརྡ་འགྲེལ་གདོང་འཛར།

ལྷ་སྐུ ཚངས་ཐིག སྐྱ་རིས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-28

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།