པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་སྤྱི་ལོ1127ལོར་ཀསྨིར་ས་ཆར་འཁྲུངས་པའི་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་པཎ་ཆེན་པོ་ཞིག་ཡིན་པ་དང་། ཁ་ཆེ་པཎ་ཆེན། ནཱ་ལེནྡྲའི་མཁན་ཐོག་མཐའ་མ། པཎ་ཆེན་སྡོམ་རྒྱུན་སྤེལ་བར་མཛད་པ་དང་། སྤྱི་ལོ1225ལོར་སྐུ་མྱ་ངན་ལས་འདས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
班钦·释迦室利趴陀罗
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1127-1225)ལོ།
འཁྲུངས་ཡུལ།
ཀསྨིར།
དུས་སྐབས།
བསྟན་པ་ཕྱི་དར།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1127ལོར་ཀསྨིར་ས་ཆར་འཁྲུངས་པའི་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་པཎ་ཆེན་པོ་ཞིག་ཡིན་པ་དང་། ཁ་ཆེ་པཎ་ཆེན། ནཱ་ལེནྡྲའི་མཁན་ཐོག་མཐའ་མ། པཎ་ཆེན་སྡོམ་རྒྱུན་སྤེལ་བར་མཛད་པ་དང་། སྤྱི་ལོ1225ལོར་སྐུ་མྱ་ངན་ལས་འདས།

2 བསྒྱུར་ཞུས་དང་ཕྱག་རྗེས་གཙོ་བོ།

སྤྱི་ལོ1204ལོར་ཁ་ཆེའི་དམག་གིས་དགོན་སྡེ་གཏོར་བས་དགུང་གྲངས་དོན་བརྒྱད་བཞེས་དུས་ཞལ་སློབ་གཙོ་བོ་དང་བཅས་ཁྲོ་ཕུ་ལོ་ཙཱ་བས་བོད་དུ་སྤྱན་དྲངས། བོད་དུ་ལོ་བཅུ་བཞུགས་རིང་བསམ་ཡས་དང་། མཆིམས་ཕུ། ལྷ་ས། རྭ་སྒྲེང་། ལྷོ་བྲག གཉལ་སོགས་ཡུལ་ཁག་མང་པོར་ཕེབས་ཏེ་པཎ་ཆེན་སྡོམ་རྒྱུན་སྤེལ་པ་དང་། མདོ་སྔགས་ཀྱི་བསྟན་པ་དར་བར་མཛད། ས་པཎ་ལ་བསྙེན་རྫོགས་གནང་། ཆོས་བཀའ་འགྱུར་མཛད་པའང་མང་། ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་སོགས་ཀྱང་སྤེལ། སྤྱི་ལོ1214ལོར་ཀསྨིར་དུ་ཕྱིར་ལོག་ནས་བསྟན་པ་མུ་མཐུད་དུ་དར་སྤེལ་མཛད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-18

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།