ཐིག་རྩ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཐིག་རྩ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རི་མོ།)

ཐིག་རྩ།
ཐིག་རྩ་ནི་ལྷ་སྐུ་དང་མཆོད་རྟེན་སོགས་རྟེན་བཞེངས་བྱེད་སྐབས་ཆེ་ཆུང་བོངས་ཚད་ཅི་ཙམ་དགོས་པ་ལ་གཞུང་ཐིག་དང་གསེག་ཐིག ཡན་ལག་སོ་སོ་དང་ཆ་ཤས་སོ་སོའི་ཆེ་ཆུང་གི་ཆ་ཆེན་ཆ་ཆུང་འགོད་པའི་ཐིག་གདབ་ཚུལ་ལ་བརྗོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཐིག་རྩ།
རྒྱ་ཡིག་གི་མིང་།
尺度经
དབྱིན་ཡིག་གི་མིང་།
yardsticks
1 གོ་དོན།

ཐིག་རྩ་ནི་ལྷ་སྐུ་དང་མཆོད་རྟེན་སོགས་རྟེན་བཞེངས་བྱེད་སྐབས་ཆེ་ཆུང་བོངས་ཚད་ཅི་ཙམ་དགོས་པ་ལ་གཞུང་ཐིག་དང་གསེག་ཐིག ཡན་ལག་སོ་སོ་དང་ཆ་ཤས་སོ་སོའི་ཆེ་ཆུང་གི་ཆ་ཆེན་ཆ་ཆུང་འགོད་པའི་ཐིག་གདབ་ཚུལ་ལ་བརྗོད་པ་དང་། དེ་ནི་ལྷ་སྐུ་སོགས་རྟེན་བཞེངས་ཀྱི་ཐོག་མའི་རྨང་གཞི་ཡིན།

2 དགོས་པ།

སྤྱིར་སྐུ་གཟུགས་དང་དཀྱིལ་འཁོར་མཆོད་རྟེན་སོགས་ལ་ཐིག་རྩ་དང་ཆག་ཚད་མཛད་པ་ནི། བཟོ་ཉེས་འགོག་པའི་ཆེད་དུ་ཡིན་ལ་རི་མོ་ཤེས་སླ་བའི་ཆེད་དུའང་ཡིན་པ་མ་ཚད། སྐུ་གཟུགས་ཀྱི་རུས་སྒྲོམ་སྟེ་ཤ་ཚུགས་ཀྱི་རྨང་གཞི་ཡིན་པ་སོགས་ཤེས་པར་བྱའོ།།

གཞན་ཡང་ཞི་ཁྲོའི་རིགས་བརྒྱའི་ལྷ་ཚོགས་རྣམས་ཀྱི་ཐིག་རྩ་འདྲ་མིན་སྣ་ཚོགས་གང་འདྲ་ཡོད་ཀྱང་། རྨང་གཞིའི་རི་མོ་སྦྱོང་སྐབས་གོང་ལྟར་རྩ་བ་བཞི་ཡི་ལྷ་ཐིག་དཔྱིས་ཕྱིན་པར་སྦྱོང་ན་དེ་ལས་མི་དགོས་ཏེ། དགོས་ཀྱང་དམིགས་བསལ་ཅན་རེ་གཉིས་མ་གཏོགས་དེ་མིན་འདི་རྣམས་ཀྱི་ཁོངས་སུ་འདུས་ལ་འགྱུར་ཐིག་བཏབ་ཙམ་གྱིས་ཆོག་པ་དང་། དེ་ཡང་ཐིག་རྩ་ཐོ་རིས་ནང་དུ་བསྡུ་ཐབས་དང་། ཐོ་དགོས་པ། སྲོལ་རྒྱུན་སྔོན་གྱི་ཐིག་བཏབ་ཚུལ་ཇི་བཞིན་བསླབས་ན་ཆོག་ཀྱང་རི་མོའི་ལག་རྩལ་ཡང་དག་པ་ཞིག་རྟོགས་པ་ལ་རེ་བ་བཅོལ་ས་ཐིག་རྩ་ཁོ་ནར་བྱེད་ན་མི་ཆོག་སྟེ། ནམ་ཡང་རི་མོ་བ་མཆོག་གི་གྲལ་དུ་སླེབས་དཀའ་བའོ།།

3 ཐིག་རྩ་མ་ཤེས་པའི་སྐྱོན་ཆ།

རྨང་གཞིའི་ཐིག་རྩ་ཡང་དག་པ་མ་ཤེས་པར་བཞེངས་པའི་སངས་རྒྱས་ཀྱི་སྐུ་གཟུགས་སོགས་ནི་རྩི་ཤིང་གི་འབྲི་སྟངས་ཤིག་ལས་མ་འདས་སོ།།

བརྡ་འགྲེལ་གདོང་འཛར།

ཐིག་རྩ། ལྷ་སྐུ། མཆོད་རྟེན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-15

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།