ན་ཙི་འཇར་མན་དམག་དཔུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ན་ཙི་འཇར་མན་དམག་དཔུང་།
ན་ཙི་འཇར་མན་དམག་དཔུང་ལ་རྒྱལ་སྲུང་དམག་ཀྱང་ཟེར་བ་དང་། དེ་ནི་ཕུའུ་ལུའུ་ཧྲི་དམག་རྒྱལ་རིང་ལུགས་དམག་དཔུང་འཕེལ་རྒྱས་སུ་ཕྱིན་ནས་གྲུབ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

མིང་།
ན་ཙི་འཇར་མན་དམག་དཔུང་།
རྒྱལ་ཁབ།
འཇར་མན།
ཁྱད་ཆོས།
འཐབ་འཁྲུག་གི་འགྲོས་ཚད་སྐྱེན་པ།
ཤུགས་རྐྱེན།
འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་བསླངས་པ།
བྱུང་དུས།
དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ།
1 ངོ་སྤྲོད།

ན་ཙི་འཇར་མན་དམག་དཔུང་ལ་རྒྱལ་སྲུང་དམག་ཀྱང་ཟེར་བ་དང་། དེ་ནི་ཕུའུ་ལུའུ་ཧྲི་དམག་རྒྱལ་རིང་ལུགས་དམག་མདཔུང་འཕེལ་རྒྱས་སུ་ཕྱིན་ནས་གྲུབ་པ་ཞིག་ཡིན། འཛམ་གླིང་དམག་འཁྲུག་ཐེངསད་དང་པོར་ཕམ་ཁ་ཐེབས་རྗེས། རྒྱལ་སྲུང་དམག་གིས་ཐབས་བརྒྱ་ཇུས་སྟོང་གིས་འཐབ་འཛིང་ནུས་པ་སྲུང་འཛིན་བྱས། ཞི་ཐེ་ལེས་སྲིད་དབང་བཟུང་རྗེས། ངན་པ་ཁ་མཐུན་དང་སྨྱོ་ཧམ་ཆེན་པོས་་དམག་རྒྱ་བསྐྱེད་ཅིང་འཐབ་འཛིང་ལ་གྲ་སྒྲིག་བྱས། སྤྱི་ལོ1939ལོའི་ཟླ9པའི་ཚེས1ཉིན། ན་ཙི་འཇར་མན་གྱིས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་བསླངས་ལ། དམག་འཁྲུག་གི་མགོ་མའི་དུས་རིམ་དུ་གློ་བུར་གྱི་རྒོལ་རྡུང་ལ་བརྟེན་ནས་ཧྥ་རན་སི་དང་དབྱིན་ཇི་ལ་སོགས་པ་ཕམ་པར་བཏང་ནས་ཕལ་ཆེར་ཡོ་རོབ་ཀྱི་ཕྱེད་ཀ་ལ་དབང་བསྒྱུར་བྱས་པ་མ་ཟད། སྤྱི་ལོ1941ལོའི་ཟླ6པར་སུའུ་ལེན་ལ་མྱུར་རྒོལ་བྱེད་ཅིང་ཟླ4ཡི་རྗེས་སུ་མའོ་སི་ཁའོ་ཡི་མཁར་འོག་ཏུ་ཐོན། སྤྱི་ལོ1941ལོའི་དགུན་ཁར་འཇར་དམག་ལ་སུའུ་དམག་གི་རྡུང་རྡེག་ཚབས་ཆེན་ཐེབས་པ་དང་། རིམ་གྱིས་འཐབ་འཁྲུག་གི་གཙོ་དབང་ཤོར་ནས་ཉེན་ཁ་ཆེན་པོའི་གནས་སུ་ལྷུང་། སྤྱི་ལོ1945ལོའི་ཟླ5བར་འཇར་དམག་གིས་ཆ་རྐྱེན་གང་ཡང་མེད་པར་མགོ་འདོགས་མི་བྱེད་ག་མེད་བྱུང་།

2 འཐབ་རྩལ།

ན་ཙི་འཇར་མན་གྱི་འཐབ་རྩལ་གཙོ་བོ་ནི་སྔོན་ལ་མིར་ཚོད་འཛིན་བྱེད་ཅིང་འཐབ་འཁྲུག་མྱུར་ཚད་མགྱོགས་མོ་ཡིན། དེ་བས་ཁོ་ཚོས་ཧུར་ཐག་གིས་འཇར་མན་གྱི་དམག་དོན་ཚན་རིག་དང་དམག་དཔུང་འཛུགས་སྐྲུན་མདུན་སྐྱོད་དུས་རིམ་ལ་སླེབས་སུ་བཅུག འཇར་མན་ནི་ཡོ་རོབ་ཀྱི་དཀྱིལ་དབུས་སུ་ཡོད་པས་ཕྱོགས་མང་པོ་ནས་དགྲ་བོས་རྒོལ་རྡུང་ཐེབས་པའི་གནད་དོན་གྱིས་དུས་རྒྱུན་ཁོ་ཚོ་དཀའ་ཁག་གི་གནས་སུ་སྐྱེལ། ན་ཙི་འཇར་མན་དམག་དཔུང་གིས་ཡོངས་ཁྱབ་ནས་འོས་འགན་དམག་ལ་ཞུགས་པའི་དམག་ཞུགས་ལམ་ལུགས་ལག་བསྟར་བྱེད་པ་དང་ལུའུ་ཏུན་ཏའོ་ཧྥུའི་སྤྱི་ཁྱབ་དམག་འཁྲུག་གི་བསམ་ཚོད་དངོས་འབེབ་བྱས་ནས་དཔོན་དམག་ཡོངས་ཀྱིས་ཐོག་མར་དམག་ལ་ཞུགས་དུས་ཞི་ཐེ་ལེ་སྒེར་ལ་སྲིད་ཞུ་སྒྲུབ་རྒྱུའི་མནའ་ཚིག་བོར་དགོས། འབྲིང་རིམ་དང་མཐོ་རིམ་གྱི་དམག་དཔོན་ཡོངས་རྫོགས་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་ཁྲོད་དུ་ཞུགས་མྱོང་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། འཇར་མན་དམག་དཔུང་གི་སྦྱོང་བརྡར་དང་དངོས་འཐབ་ཀྱི་ཆུ་ཚད་ཤིན་ཏུ་མཐོན་པོ་ཡིན་ལ་མཚོན་ཆའི་སྒྲིག་ཆས་ཀྱང་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་གནས།

3 དམག་དཔུང་གི་གནས་ཚུལ། 

ན་ཙི་འཇར་མན་གྱི་སྐམ་དམག་ནི་གཙོ་བོ་ཁྲབ་ལྡན་དཔུང་ཁག་གིས་གྲུབ་པ་དང་མཁའ་དམག་གི་འཐབ་འཛིང་གནམ་གྲུའི་དམག་དཔུང་ཁྲོད་དུ་ཕུལ་དུ་བྱུང་བའི་འཕུར་སྐྱོད་མཁན་ཤིན་ཏུ་མང་ལ། ཆུར་འཛུལ་དམག་གྲུའི་དམག་དཔུང་ནི་མཚོ་དམག་ཁྲོད་ཀྱི་ཆེས་ཕུལ་དུ་བྱུང་བ་ཡིན། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ཁྲོད་དུ་མནའ་འབྲེལ་རྒྱལ་ཁབ་དག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་དུ་སྐད་གྲགས་སྲིད་པའི་ཁྱོན་ལ་ལྡིར་མྱོང་བའི་ན་ཙི་འཇར་མན་གྱི་དམག་དཔུང་དེ་དུས་གཏན་དུ་ལོ་རྒྱུས་ཀྱི་གད་སྙིགས་ཕུང་བོ་རུ་ཐིམ་པར་བྱས།


བརྡ་འགྲེལ་གདོང་འཛར།

ན་ཙི། འཇར་མན། འཐབ་འཛིང་། ཡོ་རོབ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-07

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།