ཨ་ཀེན་ཐེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ཀེན་ཐེན།
ཨ་ཀེན་ཐེན་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི278ཡོད་ཅིང་། མི་གྲངས་ཁྲི3780ཡོད། རྒྱལ་ས་ནི་པུ་དབྱི་ནོ་སི་ཨེ་རི་སི་ཡིན་ལ། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་ཉེར་གཉིས་དང་། མཉམ་འབྲེལ་རྒྱལ་ས་གཅིག ཐད་གཏོགས་གྲོང་ཁྱེར་གཅིག་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿根廷共和国
ཕྱི་ཡིག་གི་མིང་།
The Republic of Argentina
རྒྱལ་ས།
པུ་དབྱི་ནོ་སི་ཨེ་རི་སི།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི278
མི་གྲངས།
ཁྲི3780
དངུལ་ལོ།
ཨོ་སི་ཐི།
1 ས་བབ་གནས་ཚུལ།

མེ་གླིང་ལྷོ་མའི་རྒྱལ་ཁབ་ཆེན་པོ་ཨང་གཉིས་པ་ཡིན་པ་དང་། མེ་གླིང་ལྷོ་མའི་ལྷོ་ཁུལ་དུ་གནས། ཤར་དུ་ཡུ་རུ་གྷེ་དང་བྷ་རེ་ཟེ་གཉིས་ལ་འབྲེལ། བྱང་དུ་པོ་ལི་ཝི་ཡ་དང་ཕ་ར་གུ་ཝེ་གཉིས་ཁྱིམ་མཚེས་སུ་ཡོད། ནུབ་ཏུ་ཆི་ལི་འབྲེལ་ལ། ལྷོ་ཁུལ་དུ་ལྷོ་སྣེ་གླིང་དུ་ཉེ་བར་ཡོད།

མངའ་ཁོངས་ཀྱི་ས་དབྱིབས་ནི་འཛེར་མ་ཞིག་དང་འདྲ་བར། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ3700ཡོད་པ་དང་། ཤར་ནུབ་ཀྱི་ཞེང་ལ་སྤྱི་ལེ1500མཆིས། ཆེས་དོག་པའི་གནས་སུ་ཞིང་ལ་སྤྱི་ལེ20ཙམ་ལས་མེད།

ས་དབྱིབས་རྙོག་འཛིང་ཆེ་ཞིང་། ས་བབ་ནི་ནུབ་མཐོ་ཞིང་ཤར་དམའ་བ་ཡིན། ཨ་ཁུན་ཅ་ཀྭ་རི་བོ་ནི་མེ་གླིང་ལྷོ་མའི་ཆེས་མཐོ་བའི་རི་བོ་སྟེ། མཚོ་ངོས་ལས་སྨི6954ཡིས་མཐོ་བ་ཡིན། དབུས་ཁུལ་དང་ཤར་ཁུལ་ནི་མུ་མཐའ་མེད་པའི་ཕན་ཕ་སི་རྩྭ་ཐང་ཆེན་མོ་ཡིན་ལ། བྱང་ཁུལ་ནི་ཀི་ལན་ཁྲ་ཁི་བདེ་ཐང་ཡིན་ཞིང་། ལྷོ་ཁུལ་ནི་པ་ཐ་ཀི་ཉི་ཡ་མཐོ་སྒང་ཡིན། ཧོ་ཏིས་གླིང་ཕྲན་ནི་མེ་གླིང་ལྷོ་མའི་ཆེས་ལྷོ་སྣེ་ཡི་གླིང་ཕྲན་ཞིག་ཡིན་པ་དང་། རི་རྩེའི་ཁ་བ་ནི་ལོ་ཧྲིལ་བོར་མི་ཞུ་ལ། ཤར་བྱང་གི་མཚོ་ངོགས་ནི་བདེ་ཐང་ཡིན།

ནམ་ཟླ་ཡང་གཅིག་ཏུ་མ་ངེས་པར་བྱང་ཁུལ་ནི་ཚ་ཁུལ་འབྲིང་བར་གཏོགས་པ་དང་། བྱང་སྣེ་ཡི་གྲོག་རོང་ཆེན་པོའི་ས་ཁུལ་ནི་ཚ་ཁུལ་རང་བཞིན་གྱི་གནམ་གཤིས་སུ་གཏོགས། ལྷོ་ཁུལ་ནི་ལྷོ་སྣེ་རུ་ཉེ་བས། ནམ་ཟླ་ཅུང་འཁྱག་པ་ཡིན།

ཐོན་ཁུངས་ལ་གཏེར་ཁ་ཕུན་སུམ་ཚོགས་པ་ཡོད་པ་དང་། གསར་རྙེད་བྱུང་བ་དང་། འདོན་སྤེལ་རིན་ཐང་ཡོད་པའི་རིགས་བརྒྱད་བཅུ་ལྷག་ཡོད་དེ། རྡོ་སྣུམ་དང་། དངུལ་དཀར། རང་བྱུང་སོལ་རླངས། རྡོ་སོལ། ལྕགསཞ། ཞ་ཉེ། ཡུ། རྡོ་ཀ་མ་རུ། མུ་ཟི། རྡོམོག སྐྱུར་ཚྭ་སོགས་ཡོད།

ནགས་ཚལ་གྱི་ཁེབས་རྒྱས་རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི1/3བཟུང་བ་དང་། མེ་གླིང་གི་ཨང་གསུམ་པ་ཟིན།

ཨ་གིན་ཐིན་ཞེས་པའི་མིང་ཐོགས་ཚུལ་ནི། དངུལ་དཀར་མང་དུ་ཐོན་པའི་ཆ་ནས་ལ་ཏིན་སྐད་དུ“དངུལ་དཀར་གྱི་རྒྱལ་ཁབ”ཅེས་པའི་དོན་དུ་བཤད།

2 མི་རིགས་དང་རིག་གནས།

གྲོང་ཁྱེར་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི86.3%བཟུང་བ་དང་། ཨ་གིན་ཐིན་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཨ་གིན་ཐིན་གྱི་མིས81.8%བཟུང་ལ། སི་ཕེན་གྱི་མིས5.2%བཟུང་བ་དང་། དེ་མིན་ཨི་ཐ་ལི་ཡིའི་མི། འཇར་མན་གྱི་མི། དབྱིན་ཏེ་ཨན་གྱི་མི་སོགས་ཡོད་དོ།།

སྲིད་གཞུང་གི་སྐད་དུ་སྤྱོད་པ་ནི་སི་ཕེན་གྱི་སྐད་ཡིན་པ་དང་། སྡོད་དམངས་མང་ཆེ་བས་སི་ཕེན་གྱི་སྐད་བཤད་པ་ཡིན། དབྱིན་ཏེ་ཨན་གྱི་མི་ཉུང་ཤས་ཤིག་གིས་ཀྭ་ལ་ཉིའི་སྐད་དང་ཁེ་ཁྲུའུ་ཨ་ཡའི་སྐད་བཤད་པ་ཡིན། རྒྱ་གར་དང་ཡོ་རོབ་གླིང་གི་མི་རྒྱུད་འདྲེས་མའི་རིགས་ཀྱིས་ཆིའུ་ཡའི་སྐད་བཤད་པ་ཡིན།

མི་གྲངས87%ཡས་མས་ཀྱིས་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་པ་དང་། མི་ཉུང་ཤས་ཤིག་གིས་རྗེའུ་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་གསར་མ། ཏུང་ཀྲིན་ཆོས་ལུགས། རྣམ་ཤེས་སྨྲ་བ་སོགས་ལ་དད་པ་བྱེད།

3 ཆབ་སྲིད་དང་དཔལ་འབྱོར།

ཙུང་ཐུང་། རྒྱལ་ཁབ་ཀྱི་གཙོ་འཛིན་ཡིན་པ་དང་། འགན་ཡུན་ལོ་བཞི་ཡིན།

རྒྱལ་ཚོགས། གྲོས་ཁང་གཉིས་ཅན་ཏེ། གྲོས་ཁང་གོང་མའི་འགན་ཡུན་ལོ་དྲུག་དང་། གྲོས་ཁང་ཞོལ་མའི་འགན་ཡུན་ལོ་བཞི་ཡིན།

སྲིད་གཞུང་། ཙུང་ཐུང་གི་འགོ་ཁྲིད་འོག་སྲིད་དོན་བསྒྲུབ་དགོས་ལ། ཙུང་ཐུང་གིས་པུའུ་ཀྲང་དག་བསྐོ་འཇོག་བྱེད།

ཁྲིམས་འཛིན་ལས་ཁུངས། ཁྲིམས་འཛིན་དབང་ཆ་དེ་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ལག་བསྟར་བྱེད་པ་དང་། དེར་ཁྲིམས་དཔོན་ལྔ་དང་ཞིབ་བཤེར་སྤྱི་དཔོན་གཅིག་གིས་གྲུབ་པ་ཡིན། དེའི་འོག་ཏུ་ས་ནས་ཁྲིམས་ཁང་སོ་སོ་བཙུགས་ཡོད།

དཔལ་འབྱོར་ནི་ལ་མེ་རྒྱལ་ཁབ་ཁྲོད་དུ་ཆེས་དར་རྒྱས་མེད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཆེས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཡིན།  ལས་རིགས་གཙོ་བོ་ཞིང་ཕྱུགས་ལས་དང་། ངར་ལྕགས་བཟོ་ལས། མཁའ་འགྲུལ་བཟོ་ལས། གྲུ་གཟིངས་བཟོ་ལས། རྡོ་སྣུམ་བཟོ་ལས། གློག་ཤུགས་བཟོ་ལས། ནོར་སྲིད་དངུལ་རྩ་སོགས་ཡོད་ལ། དངུལ་ལོ་ནི་ཨོ་སི་ཐི་ཡིན།

བརྡ་འགྲེལ་གདོང་འཛར།

རིག་གནས། རྒྱལ་ཁབ། ཆབ་སྲིད། ཡི་གེ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-06

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།