ཝ་ཐི་ཁན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝ་ཐི་ཁན།
ཝ་ཐི་ཁན་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ0.44ཡོད་པ་དང་། མི་གྲངས་ཡོད་ཁྲི0.138ཡོད། རྒྱལ་ས་ནི་ཝ་ཐི་ཁན་མཁར་གྲོང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
梵蒂冈城国
ཕྱི་ཡིག་གི་མིང་།
Vatican City State
རྒྱལ་ས།
ཝ་ཐི་ཁན་མཁར་གྲོང་།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ0.44
མི་གྲངས།
ཁྲི0.138
དངུལ་ལོ།
ཡོ་སྒོར།
1 ​ས་བབ་གནས་ཚུལ།

དེ་འཛམ་གླིང་གི“ཆེས་ཆུང་བའི་རྒྱལ་ཁབ”ཅིག་ཡིན་པ་དང་། ཨི་ཐ་ལིའི་རྒྱལ་ས་རོ་མའི་ནུབ་བྱང་གི་སྣེ་ཡི་ཝ་ཐི་ཁན་རི་བོའི་སྟེང་གནས་པ་དང་། “རྒྱལ་ཁབ་ནང་གི་རྒྱལ་ཁབ”ཅེས་ཀྱང་ཟེར། མངའ་ཁོངས་ནང་དུ་ཧྲིན་ཕེ་ཏི་ཐང་ཆེན་དང་། ཧྲིན་ཕེ་ཏི་ཆོས་ཁང་ཆེན་མོ། ཆོས་དཔོན་ཕོ་བྲང་། སྲིད་གཞུང་ཐོག་ཁང་། ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་། ཝ་ཁི་ཐན་དཔེ་མཛོད་ཁང་། སྲང་ལམ་ཤད་མོ་འགའ་བཅས་ཡོད་ཅིང་། མངའ་ཁོངས་ཀྱི་ས་དབྱིབས་ཟུར་གསུམ་ཅན་ཞིག་ཏུ་མཆིས།

ནམ་ཟླ་ནི་ཚ་ཁུལ་འབྲིང་བའི་ས་དཀྱིལ་རྒྱ་མཚོའི་གནམ་གཤིས་སུ་གཏོགས་པ་དང་། ལོ་རེར་ཆར་བ་འབབ་ཚད་ཕལ་ཆེར་ཧོ་སྨི500ནས་ཧོ་སྨི1000གི་བར་ཡིན།

ཝ་ཁི་ཐན་ཞེས་པ་ནི“སྔོན་རབས་པའི་ས་གནས”ཞེས་པའི་དོན་དུ་བཤད།

2 མི་རིགས་དང་རིག་གནས།

དེར་རྒྱུན་སྡོད་མི་གྲངས540ཡོད་པ་དང་། མི་གྲངས85%ནི་ཨི་ཐ་ལིའི་མི་ཡིན། མི་གྲངས85%ནི་སི་ཝེས་ཙེར་དང་རྒྱལ་ཁབ་གཞན་ནས་ཡོང་བ་ཡིན། སྤྱི་དམངས་ལ་དམིགས་བསལ་གྱི་འཛིན་བྱང་ཞིག་ཡོད་པ་དང་། གལ་ཏེ་མཁར་གྲོང་དེ་དང་ཁ་བྲལ་ན་སྤྱི་དམངས་ཐོབ་ཐང་རྩིས་མེད་དུ་བཏང་བ་ཡིན།

ཨི་ཐ་ལིའི་སྐད་ནི་སྲིད་གཞུང་གི་སྐད་དུ་སྤྱོད་པ་དང་། ཆོས་ལུགས་ནི་གནམ་བདག་ཆོས་ལུགས་ལ་དད་པ་བྱེད།

3 ཆབ་སྲིད་དང་དཔལ་འབྱོར།

ཆོས་དཔོན་གྱིས“རང་ཉིད་ནི་ཡེ་ཤུ་མ་ཤུ་ཀའི་སྤྲུལ་སྐུ”རུ་བརྗོད་པ་དང་། ཁོང་ལ་ཆེས་མཐོ་བའི་དབང་ཆ་ལྡན། ཝ་ཐི་ཁན་ལ་ཁྲིམས་ཁང་དང་། གཏུག་བཤེར་ཁང་། གྱོད་བཤགས་ཆོས་ཁང་བཅས་ཡོད།

དཔལ་འབྱོར་གྱི་གཙོ་བོ་ཞིང་ལས་ལ་བརྟེན་པ་དང་། རང་བྱུང་ཐོན་ཁུངས་ཅི་ཡང་མེད། མི་སྒེར་གྱིས་སྤྲོད་དགོས་པའི་ཁྲལ་རིགས་ཀྱང་མེད།

4 སློབ་གསོ་དང་གནས་མཆོག

ཝ་ཐི་ཁན་གྱིས་ཨི་ཐ་ལི་རུ་སློབ་ཆེན་དང་། ལྷ་ཆོས་རིག་པའི་སློབ་གླིང་བཙུགས་ཡོད་ལ། ཧྥ་རན་སི་དང་སི་ཕེན། བྷེལ་ཇམ། ཅ་མེ་རི་ཁ། འཇར་མན། ཧྥི་ལི་ཕིན་སོགས་རྒྱལ་ཁབ་དང་ས་ཁུལ་སུམ་ཅུ་སློབ་གྲྭ་དང་། སྨན་ཁང་། རིག་གནས་ལས་ཁུངས་སོགས་ཀྱང་བཙུགས་ཡོད་།

ལྗོངས་རྒྱུའི་གནས་སུ་ཧྲིན་ཕེ་ཏི་ཐང་ཐང་ཆེན་དང་། ཧྲིན་ཕེ་ཏི་ཆོས་ཁང་ཆེན་མོ། ཞི་སི་ཐིན་ཆོས་ཁང་ཆེན་མོ་སོགས་ཡོད་དོ།། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-06

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།