ཨི་ཐ་ལི།

ཡོ་རོབ་གླིང་ལྷོ་ཁུལ་གྱི་ས་དཀྱིལ་རྒྱ་མཚོའི་བྱང་འགྲམ་དུ་གནས་ཏེ། མངའ་ཁོངས་སུ་ཨ་ཨར་ཕེ་སི་རི་བོའི་ལྷོ་ངོས་དང་། པོ་ཧི་བདེ་ཐང་། ཡ་ཕེན་ནིན་ཕྱེད་གླིང་། ཞི་ཞི་གླིང་ཕྲན། ས་ཏེན་གླིང་ཕྲན་བཅས་ཡོད། གཞན་ད་དུང་གླིང་ཕྲན་མང་པོ་ཞིག་ཀྱང་།་ཡོད། ཡ་ཕེན་ནིན་གླིང་ཕྲན་གྱིས་རྒྱལ་ཡོངས་ཀྱི་མངའ་ཁོངས་ཀྱི80%ཟིན་པ་དང་། དེ་ནི་ལྷམ་ཡུ་རིང་བོ་ཆེན་པོ་ཞིག་ས་དཀྱིལ་རྒྱ་མཚོ་སྔོན་པོའི་ནང་དུ་བསྲིངས་ཡོད་པ་དང་འདྲ་། ཕྱེད་གླིང་གི་ལྷོ་བྱང་རིང་ཚད་ལ་སྤྱི་ལེ1300ཡོད་པ་དང་། ལྷོ་ནུབ་ཀྱི་ཞེང་ལ་སྤྱི་ལེ600ཡོད། རྒྱལ་ཁབ་ཀྱི་མཐའ་མཚམས་རིང་ཚད་ལ་སྤྱི་ལེ9054ཡོད་པ་དང་། རྒྱ་མཚོའི་འགྲམ་ངོགས་ཀྱི་རིང་ཚད་ལ་སྤྱི་ལེ8500མཆིས།
སྐམ་སའི་བྱང་ཁུལ་དུ་ཧྥ་རན་སི་དང་། སི་ཝེས་ཙེར། ཨོ་སི་ཐྲི་ཡ་བཅས་ཁྱིམ་མཚེས་སུ་ཡོད་ཅིང་། ཤར་བྱང་དུ་ཁ་རོ་ཤེ་ཡ་དང་འབྲེལ་ཡོད། ས་བབ་ནི་རི་བོ་མང་བས།རྒྱལ་ཁབ་ཅིག་སྟེ། ཨི་ཧྥ་གཉིས་ཀྱི་མཐའ་མཚམས་ཀྱི་པོ་ལེང་རི་བོའི་མཐོ་ཚད་ལ་མཚོ་ངོས་ལས་སྨི4807ཡོད་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་ཆེས་མཐོ་བའི་རི་བོ་ཡིན། ཞི་ཞི་ལི་གླིང་ཕྲན་སྟེང་གི་ཨེ་ཐི་མེ་རེ་ནི་སྨི3340ཡིས་མཐོ་བའི་ཡོ་རོབ་གླིང་གི་ཆེས་མཐོ་བའི་མེ་རི་ཡིན།
གཙང་བོ་ཆེས་རིང་བ་ནི་པོ་ཧི་ཆུ་བོ་སྟེ། འབབ་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ650ལྷག་ཡོད་པ་དང་། ཆུ་བོ་ཆེན་པོ་ཨང་གཉིས་པ་ནི་ཨ་ཏིས་ཅེ་ཆུ་བོ་སྟེ། འབབ་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ410ཡོད།
ནམ་ཟླ་ནི་ས་དཀྱིལ་རྒྱ་མཚོའི་གནམ་གཤིས་སུ་གཏོགས་པ་དང་། དབྱར་དུས་ཚ་བ་ཆེ་ཤིང་། དགུན་དུས་དྲོ་ཞིང་ཆར་ཆུ་མོད་པ་ཡིན།
ཐོན་ཁུངས་ཅུང་ཉུང་སྟེ་གཙོ་བོ་ཆུ་བེད་དང་། ས་དྲོད། མི་ཟི། ཞ་ཉེ། ཏི་ཚ་སོགས་ཡོད།
ཨི་ཐ་ལི་ཞེས་པའི་མིང་ཐོགས་ཚུལ་ནི་གནའ་བོའི་མིས“བེའུ་འཚོ་བའི་རྩྭ་ཐང”ཞེས་པའི་དོན་ཡིན་པར་བཤད།
ཨི་ཐ་ལི་མི་རིགས་ཀྱིས95%ཡན་བཟུང་བ་དང་། གཞན་གྲངས་ཉུང་མི་རིགས་ལ་ས་ཏེན་གྱི་མི། ཧྥོ་ལོ་ལིའི་མི། ཨི་སི་ཐྲི་ཡའི་མི། ཨལ་པ་ཉི་ཡའི་མི། ཧྥ་རན་སིའི་མི་སོགས་ཡོད།
ཨི་ཐ་ལིའི་སྐད་ནི་འཛམ་གླིང་སྟེང་བཤད་མཁན་མི་གྲངས་ཅུང་མང་བའི་སྐད་ཅིག་ཡིན་པ་དང་། སྡོད་དམངས90%ཡན་གྱིས་གནམ་བདག་ཆོས་ལུགས་ལ་དད་པ་བྱེད། གཞན་དག་གིས་ཏུང་ཀྲིན་ཆོས་ལུགས་དང་ཨི་སི་ལམ་ཆོས་ལུགས་ལ་དད་པ་བྱེད།
ཙུང་ཐུང་། རྒྱལ་ཁབ་ཀྱི་གཙོ་འཛིན་དང་། མི་རིགས་གཅིག་གྱུར་གྱི་མཚོན་རྟགས་ཡིན་ལ། སྲིད་འཛིན་དབང་ཆ་མེད། འགན་ཡུན་ལོ་བདུན་ཡིན།
གྲོས་ཚོགས། ཁྲིམས་འཛུགས་དབང་ཆ་ལྡན་པའི་ཆེས་མཐོའི་ལས་ཁུངས་ཡིན།
ནང་སྲིད་ལས་ཁུངས། ཀྲུང་དབྱང་སྲིད་གཞུང་སྟེ། ཆེས་མཐོའི་སྲིད་དོན་ཐག་གཅོད་བྱེད་པའི་ལས་ཁུངས་ཡིན།
དཔལ་འབྱོར་ནི་འཇར་མན་དང་ཧྥ་རན་སི། དབྱིན་ཇི། ཨི་ཐ་ལི་བཅས་ཡོ་རོབ་གླིང་ནུབ་མའི་རྒྱལ་ཁབ་ཕྱུག་པོ་བཞི་དང་འཛམ་གླིང་གི་བཟོ་ལས་རྒྱལ་ཁབ་ཆེན་པོ་བདུན་གྱི་གྲས་སུ་ཚུད་ཡོད། དངུལ་ལོ་ནི་ཡོ་སྒོར་ཡིན།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2019-05-07
གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།