ཕྱི་དར་མཚོན་རྟགས་རིང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྱི་དར་མཚོན་རྟགས་རིང་ལུགས།
ཕྱི་དར་མཚོན་རྟགས་རིང་ལུགས་ནི་དུས་རབས་འདིའི་ལོ་རབས་ཉི་ཤུ་ནས་བཞི་བཅུའི་བར་ཡོ་རོབ་དང་ཨ་མའི་རི་ཁ་གླིང་སོགས་ལ་དར་ཁྱབ་ཆེན་པོ་ཡོད་པའི་མཚོན་རྟགས་རིང་ལུགས་ཀྱི་སྙན་ངག་ལ་ཟེར་ཞིང་། མཱ་ལ་མེ་སོགས་སྔ་དར་མཚོན་རྟགས་རིང་ལུགས་ཀྱི་གྲགས་ཅན་སྙན་ངག་པ་ཚོའི་ནུས་པས་མཚོན་རྟགས་མཚོན་རྟགས་རིང་ལུགས་དེ་ཉིད་དུས་རབས་བཅུ་དགུ་བར་ཧྥ་རན་སིའི་རྒྱལ་མཚམས་བསྒྲལ་ཏེ་ཡོ་རོབ་ནུབ་མ་དང་ཨ་མའི་རི་ཁ་བྱང་མ་སོགས་ལ་རྒྱ་བསྐྱེད་བྱུང་བ་དང་། དུས་རབས་ཉི་ཤུ་བར་སྐབས་ཤིག་རིང་ཤིན་ཏུ་དར་འཕེལ་བྱུང་སྟེ་དབྱིན་ཇི་དང་། ཨ་མེ་རི་ཁ། འཇར་མན། ཨུ་རུ་སུ། དབྱི་ཐ་ལི། སི་ཕན། ལ་ཏིང་ཨ་མེ་རི་ཁ་དང་དེ་བཞིན་ཤར་ཕྱོགས་ཀྱི་རྒྱལ་ཁབ་འགའ་ཞིག་བཅས་ལ་ཤུགས་རྐྱེན་ཕོག་ནས་འཛམ་གླིང་ཁྱབ་ཁོངས་སུ་བག་ཆགས་ཆེ་ཤོས་ལྡན་པའི་རྩོམ་རིག་གི་གྲུབ་མཐའ་ཞིག་ཏུ་གྱུར།
གཞི་རྩའི་གནས་ཚུལ།

མིང་།
ཕྱི་དར་མཚོན་རྟགས་རིང་ལུགས།
རྒྱ་ཡིག་གི་མིང་།
后期象征主义
ཐོག་མའི་དར་ཡུལ།
ཧྥ་རན་སི།
1 ངོ་སྤྲོད།

ཕྱི་དར་མཚོན་རྟགས་རིང་ལུགས་ནི་དུས་རབས་འདིའི་ལོ་རབས་ཉི་ཤུ་ནས་བཞི་བཅུའི་བར་ཡོ་རོབ་དང་ཨ་མའི་རི་ཁ་གླིང་སོགས་ལ་དར་ཁྱབ་ཆེན་པོ་ཡོད་པའི་མཚོན་རྟགས་རིང་ལུགས་ཀྱི་སྙན་ངག་ལ་ཟེར། 

2 ཐོག་མའི་དར་རྒྱས།

མཱ་ལ་མེ་སོགས་སྔ་དར་མཚོན་རྟགས་རིང་ལུགས་ཀྱི་གྲགས་ཅན་སྙན་ངག་པ་ཚོའི་ནུས་པས་མཚོན་རྟགས་མཚོན་རྟགས་རིང་ལུགས་དེ་ཉིད་དུས་རབས་བཅུ་དགུ་བར་ཧྥ་རན་སིའི་རྒྱལ་མཚམས་བསྒྲལ་ཏེ་ཡོ་རོབ་ནུབ་མ་དང་ཨ་མའི་རི་ཁ་བྱང་མ་སོགས་ལ་རྒྱ་བསྐྱེད་བྱུང་བ་དང་།   དུས་རབས་ཉི་ཤུ་བར་སྐབས་ཤིག་རིང་ཤིན་ཏུ་དར་འཕེལ་བྱུང་སྟེ་དབྱིན་ཇི་དང་།  ཨ་མེ་རི་ཁ།  འཇར་མན།  ཨུ་རུ་སུ།  དབྱི་ཐ་ལི།  སི་ཕན།  ལ་ཏིང་ཨ་མེ་རི་ཁ་དང་དེ་བཞིན་ཤར་ཕྱོགས་ཀྱི་རྒྱལ་ཁབ་འགའ་ཞིག་བཅས་ལ་ཤུགས་རྐྱེན་ཕོག་ནས་འཛམ་གླིང་ཁྱབ་ཁོངས་སུ་བག་ཆགས་ཆེ་ཤོས་ལྡན་པའི་རྩོམ་རིག་གི་གྲུབ་མཐའ་ཞིག་ཏུ་གྱུར། 

ཕྱི་དར་མཚོན་རྟགས་རིང་ལུགས་ནི་སྔ་དར་མཚོན་རྟགས་རིང་ལུགས་ཀྱི་རྒྱུན་མཐུད་པ་ཞིག་དང་།  སྔ་དར་དང་ཕྱི་དར་མཚོན་རྟགས་རིང་ལུགས་ནི་ཆ་ཚང་བའི་དེང་རབས་སྨྲ་བའི་གྲུབ་མཐའ་ཞིག་ཡིན་མོད།  འོན་ཀྱང་དེ་གཉིས་བྱུང་བའི་དུས་རབས་མི་འདྲ་བ་དང་།  ཚབ་བྱེད་མི་སྣ་གཙོ་བོ་འཕོ་འགྱུར་བྱུང་བར་བརྟེན།  སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མངའ་བ་སྟེ།  དང་ཐོག་ཕྱི་དར་མཚོན་རྟགས་རིང་ལུགས་ཁྱབ་ཡུལ་གྱི་རྒྱལ་ཁབ་མང་དུ་སོང་བ་དང་།  སྙན་ངག་པའི་སྙན་ངག་པའི་ཉམས་འགྱུར་མི་འདྲ་བ་བཅས་དང་ཟུང་འབྲེལ་བྱུང་ནས་དེ་བས་རྙོག་འཛིང་ཆེ་རུ་སོང་ཡོད།  དེ་ནས་ཕྱི་དར་མཚོན་རྟགས་རིང་ལུགས་ནི་འཛམ་གླིང་དམག་ཆེན་དང་བོའི་རྗེས་སུ་དར་ཁྱབ་བྱུང་བ་དང་།  སྐབས་དེར་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་རྣམ་པར་འགྱུར་བ་ཆེ་ཙམ་བྱུང་ཡོད་པ་བཅས་ཀྱིས།  དེའི་ནང་དོན་དེ་བས་གལ་ཆེ་དང་།  བརྗོད་དོན་གཙོ་བོ་དེ་བས་མངོན་གསལ་དོད་ཅིང་།  དེང་རབས་ཀྱི་འདུ་ཤེས་དེ་བས་ཤུགས་ཆེ།  མཚོན་བྱེད་ཀྱི་ཐབས་རྩལ་དེ་བས་བྱང་ཆུབ་པར་གྱུར་བ་བཅས་ལས།  དཔྱད་གཏམ་པ་མི་ཉུང་བ་ཞིག་གིས་སྐབས་འདིའི་མཚོན་རྟགས་རིང་ལུགས་ནི་ད་གཟོད་དངོས་འབྲེལ་གྱི་མཚོན་རྟགས་རིང་ལུགས་དང་།  མཚོན་རྟགས་རིང་ལུགས་འདི་འདྲ་ནི་ད་གཟོད་དངོས་འབྲེལ་གྱི་དེང་རབས་སྨྲ་བའི་རྩོམ་རིག་ཅིག་ཡིན་པར་འདོད་ཀྱི་ཡོད་སྟབས།  འགའ་ཞིག་གིས་གོ་དོན་དོག་པའི་རང་བཞིན་གྱི་དེང་རབས་སྨྲ་བའི་རྩོམ་རིག་ནི་ཕྱི་དར་མཚོན་རྟགས་རིང་ལུགས་ནས་འགོ་ཚུགས་པ་དང་།  ཡང་འགའ་ཞིག་གིས་མཚོན་རྟགས་རིང་ལུགས་སྐོར་འཆད་སྐབས་གཙོ་བོ་ཕྱི་དར་མཚོན་རྟགས་རིང་ལུགས་ཁོ་ན་འཆད་པའི་འདོད་ཚུལ་འཛིན་པ་བཅས་ལ་རྒྱུ་མཚན་མེད་པ་མ་ཡིན་ནོ།།

3 གསར་གཏོད་བྱེད་པའི་རྒྱུ་ཚོགས།

ཕྱི་དར་མཚོན་རྟགས་ཀྱི་རྩོམ་པ་པོ་གཙོ་བོ་དང་བརྩམས་ཆོས་ཀྱི་གྲས་སུ་ཧྥ་རན་སིའི་སྙན་ངག་པ་གྲགས་ཅན་ཝ་ལའེ་ལི་དང་ཁོ་པའི་བརྩམས་ཆོས《མཚོ་འགྲམ་གྱི་དུར་ས》དང་།  ཨོ་སི་ཐྲི་ཡི་སྙན་ངག་པ་གྲགས་ཅན་ཇན་ལིར་ཁཱོ་དང་ཁོང་གི་བརྩམས་ཆོས《ཏུའུ་དབྱི་ནོ་ཡི་སྐྱོ་གཞས》དབྱིན་ཇིའི་སྙན་ངག་པ་གྲགས་ཅན་དབྱི་ཀྲི་དང་ཁོང་གི་བརྩམས་ཆོས《སློབ་ཕྲུག་ཚོའི་གྲས་སུ།》 ཨ་མེ་རི་ཁའི་སྙན་ངག་པ་གྲགས་ཅན་ཨའེ་ལུའེ་ཐེ་དང་ཁོང་གི་བརྩམས་ཆོས《འབྲོག་སྟོང》སོགས་ཡོད་པ་རེད།

ཨུ་རུ་སུར་ཡང་ཕྱི་དར་མཚོན་རྟགས་རིང་ལུགས་ཀྱི་ཚ་རླབས་འཕྱུར་ཡོད་མོད།  འོན་ཀྱང་ཟླ་བཅུ་བའི་གསར་བརྗེའི་ཤུགས་རྐྱེན་གྱིས་མགྱོགས་མྱུར་ཁ་ཐོར་དུ་སོང་།  ཟླ་བཅུ་བའི་གསར་བརྗེའི་ཤུགས་རྐྱེན་འོག་ཨུ་རུ་སུའི་མཚོན་རྟགས་རིང་ལུགས་ནས་ཁ་བྲལ་ཞིང་དངོས་ཡོད་ལ་ཕྱོགས་ཏེ་བྲིས་པ་དང་།  ཡང་མཚོན་རྟགས་སྨྲ་བའི་སྙན་ངག་པ་གཞན་ཞིག་སྟེ་ཆེ་སའེ་ཉིང་ཞེས་པ་དེས་སྔར་བཞིན་འཐབ་ས་བརྟན་སྲུང་གི་སྒོ་ནས།  “སྒྱུ་རྩལ་རྣལ་མ”དོན་དུ་གཉེར་བས།  ཁོའི《མཐོང་ཐོས་ཀྱིས་མི་བཟོད་པའི་མོ་སི་ཁོ》ཞེས་པའི་སྙན་ཚིག་དེ་ནི་དེ་བས་ཁེར་རྐྱང་དང་སྐྱོ་སྣང་གི་རྣམ་པ་ལྡན་པ་ཞིག་ཡིན། 

4 འཕེལ་རིམ།

ཕྱི་དར་མཚོན་རྟགས་རིང་ལུགས་དེ་མཇུག་ཏུ་ད་དུང་རི་མོ་དང་ཟློས་གར་གྱི་ཁྱབ་ཁོངས་སུའང་འཕེལ་རྒྱས་སོང་ཡོད།  པེར་ཇམ་གྱི་མཱེ་ཐེ་ལིང་ཁཱོ་ཞེས་པ་དེ་ནི་མཚོན་རྟགས་རིང་ལུགས་ཀྱི་ཟློས་གར་བ་གྲགས་ཅན་ཞིག་རེད།   ཁོའི《བྱ་སྔོན》ཞེས་པའི་བརྩམས་ཆོས་དེ་ལོ་རབས་སུམ་ཅུའི་སྔ་དུས་ནས་རྒྱ་ཡིག་ཏུ་བསྒྱུར་ཏེ་ཀྲུང་གོར་ངོ་སྤྲོད་ཀྱིས་དར་ཁྱབ་རྒྱ་ཆེ་བྱུང་ཡོད།  འཇར་མན་ཝ་ཀའེ.ཧུའུ་ཕུའུ་ཐེ་མན་གྱི《ཅོང་གྲགས་ཆུ་ཚོད་འཁོར་ལོ》ཞེས་པ་དང་།  དབྱིན་ཇི་བ་དབྱི་ཧན.ཞིང་ཀོའི《རྟ་ཞོན་ནས་མཚོར་འཇུག་པ》ཞེས་པ་སོགས་ཚང་མ་སྐད་གྲགས་ཆེ་བའི་མཚོན་རྟགས་རིང་ལུགས་ཀྱི་འཁྲབ་གཞུང་ཤ་སྟག་རེད།

5 ཁོངས་གཏོགས་མི་སྣ་འགའ།

ཕྱི་དར་མཚོན་རྟགས་རིང་ལུགས་ཀྱི་དཔུང་ཁག་ཁྲོད་དུ་གོང་སྨྲས་སྙན་ངག་པ་དང་འཁྲབ་གཞུང་རྩོམ་པ་པོ་གྲགས་ཅན་རྣམས་ཕུད་ད་དུང་ཧྥ་རན་སིའི་ཁཱོ་ལུའུ་ཏའེ་ཨར་དང་།  ཡཱ་མོ།  ཧྲེང་ཆོང.ཕཱེ་སི།  པེར་ཇམ་གྱི་ཝེར་ཧཱ་ལོན་སོགས་ཚང་མ་གལ་ཆེའི་མི་སྣ་ཡིན།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-15

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།