ཞུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞུན།
ཐོག་མར་མར་ཁུའི་ནང་དུ་ཆུར་བ་ཞིབ་བུ་འདེབས་པ་དང་། དེ་ན་རྩམ་པའམ་གྲོ་རྩམ་གང་རུང་འདེབས་པ། ཐ་མར་བུ་རམ་དང་ཀ་ར། སྦྲང་སེར་རམ་སྦྲང་ནག་གང་རུང་ཞིག་འཕངས་ནས་དཀྲུག་དཀྲུག་བཏང་བ་དེ་ཀ་ཏོ་རའམ་སྡེར་མ། ཅ་ནེ། ཀོང་བ་སོགས་སྣོད་གང་རུང་དུ་བླུགས་པ་དང་དེའི་སྟེང་སིལ་ཏོག་དང་སྦྲང་རྡོག་སོགས་ཀྱིས་ཁྲ་བཞག་ནས་རི་མོ་བཟོས་ཤིང་། འཁྱག་སར་བཞག་ནས་དབྱིབས་སུ་གྲུབ་པར་བྱས་ཆོག དེ་ལའང་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་དུ་ལས་སྣོན་རྒྱུ་ཆ་མི་འདྲ་བར་གཞིགས་ནས་བྱེ་བྲག་ཏུ་གྲོ་ཞུན་དང་ཆུར་ཞུན་སོགས་རིགས་མང་དུ་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
酥油点心   糌粑油糕
ཁོངས་གཏོགས།
བཟའ་བཅའ།
རིགས་དབྱེ།
དཀར་ཟས་རིགས།
1 རྒྱུ་ཆ།

མར་ཁུ། ཆུར་བ་ཞིབ་བུ། ནས་རྩམ་མམ་གྲོ་རྩམ། ཀ་ར་དང་བུ་རམ། ཡང་ན་སྦྲང་སེར་རམ་སྦྲང་ནག་གང་རུང་ཞིག 

2 བཟོ་སྟངས། 

ཐོག་མར་མར་ཁུའི་ནང་དུ་ཆུར་བ་ཞིབ་བུ་འདེབས་པ་དང་། དེ་ན་རྩམ་པའམ་གྲོ་རྩམ་གང་རུང་འདེབས་པ། ཐ་མར་བུ་རམ་དང་ཀ་ར། སྦྲང་སེར་རམ་སྦྲང་ནག་གང་རུང་ཞིག་འཕངས་ནས་དཀྲུག་དཀྲུག་བཏང་བ་དེ་ཀ་ཏོ་རའམ་སྡེར་མ། ཅ་ནེ། ཀོང་བ་སོགས་སྣོད་གང་རུང་དུ་བླུགས་པ་དང་དེའི་སྟེང་སིལ་ཏོག་དང་སྦྲང་རྡོག་སོགས་ཀྱིས་ཁྲ་བཞག་ནས་རི་མོ་བཟོས་ཤིང་། འཁྱག་སར་བཞག་ནས་དབྱིབས་སུ་གྲུབ་པར་བྱས་ཆོག  དེ་ལའང་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་དུ་ལས་སྣོན་རྒྱུ་ཆ་མི་འདྲ་བར་གཞིགས་ནས་བྱེ་བྲག་ཏུ་གྲོ་ཞུན་དང་ཆུར་ཞུན་སོགས་རིགས་མང་དུ་ཡོད་པ་རེད། 

3 ཕན་ནུས། 

ཞུན་མར་བློ་རྣོ་དྲན་གསལ་དྲོད་སྟོབས་སྐྱེད། །

ཚེ་འཕེལ་སྣུམ་པའི་མཆོག་སྟེ་ལས་སྟོང་བྱེད། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-06

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།