སྒོ་འགྲམ་དུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྙན་རྩོམ་འདིར་རྩོམ་པ་པོས་ཁྱི་རྒན་ཞིག་གིས་རུས་པ་འཆའ་བའི་རྣམ་པ་བྲིས་པ་བརྒྱུད། འཇིག་རྟེན་གྱི་མི་ཚེ་སྐྱིད་སྡུག་དང་། དཀའ་སྡུག་གི་འཚོ་བ། གཏོལ་མེད་འུ་ཐུག་གི་འཚོ་བའི་ལས་དབང་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
བློ་གསལ།
ཁོངས་གཏོགས།
སྙན་རྩོམ།
བསླབ་གཞི།
ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི།
1 ངོ་སྤྲོད།

སྙན་རྩོམ་འདིར་རྩོམ་པ་པོས་ཁྱི་རྒན་ཞིག་གིས་རུས་པ་འཆའ་བའི་རྣམ་པ་བྲིས་པ་བརྒྱུད།  འཇིག་རྟེན་གྱི་མི་ཚེ་སྐྱིད་སྡུག་དང་། དཀའ་སྡུག་གི་འཚོ་བ། གཏོལ་མེད་འུ་ཐུག་གི་འཚོ་བའི་ལས་དབང་བརྗོད་ཡོད།

2 ལོ་རྒྱུས་ཀྱི་རྒྱབ་ལྗོངས།

སྙན་ངག་འདིའི་གསར་རྩོམ་གྱི་རྒྱབ་ལྗོངས་ནི་རིག་གསར་སྐབས་ཏེ་གྲལ་རིམ་འཐབ་རྩོད་ཀྱི་ལས་འགུལ་ཚ་ཚ་འུར་འུར་དུ་ལངས་པའི་ལོ་ཟླ་དེ་དག་ཏུ་བདེན་པ་ཡོད་ཀྱང་བཤད་ས་མེད་པ་དང་། ཉེས་པ་མེད་ཀྱང་གཅར་རྡུང་མྱོང་དགོས་པ། སྐྱོན་མེད་ཀྱང་ཉེས་པ་འཁུར་དགོས་པའི་འུ་ཐུག་གཏོལ་མེད་ཀྱི་གནས་སུ་གྱར་བའི་ལོ་རྒྱུས་ཀྱི་དུས་སྐབས་ཤིག་ཡིན་པ་བརྗོད་ཡོད།

3 བརྗོད་བྱའི་བསྟན་དོན།

མི་ཚེའི་འཚོ་བའི་ཁྲོད་དུ་གང་ཞིག་མངོན་སུམ་གྱིས་ཕན་ཡང་ཤུགས་སུ་གནོད་པར་འགྱུར་བ་དང་། གང་ཞིག་ད་ལྟ་ཕན་ཡང་རྗེས་སུ་གནོད་པར་འགྱུར་བའི་གནས་ཚུལ་དངོས་སོགས་དཔྱོད་པའི་རྣམ་དཔྱོད་མེད་པས་མ་ཤེས་པའི་ངང་དུ་ལུས་པའི་སྣང་ཚུལ་དེ་མཚོན་པ་དང་། མི་ཚེའི་འཚོ་བའི་ཁྲོད་དུ་འཁོས་ཞན་དང་། ཉམ་ཐག་གཏོལ་མེད་དུ་གྱུར་བའི་དུས་སུ་གང་བཟང་གང་ཕན་གྱི་གདམ་ག་བྱེད་པའི་དང་དབང་མེད་པའི་རྐྱེན་གྱིས། ཁྱི་རྒན་གྱི་གནས་བབ་སྡུག་པོ་དང་། རུས་ཆོག་མི་ཆོད་ཀྱང་མུར་དགོས་པའི་ལས་ལ་འཕྲད་ཀྱིན་པ་བརྗོད་དེ་རིག་གསར་སྐབས་སུ་བདེན་པ་ཡོད་ཀྱང་བཤད་ས་མེད་པ་དང་། ཉེས་པ་མེད་ཀྱང་གཅར་རྡུང་མྱོང་དགོས་པའི་ཐབས་ཟད་འུ་ཐུག་དང་ཅི་བྱ་གཏོལ་མེད་ཀྱི་འཚོ་གནས་ཡ་ང་བ་དེ་མངོན་པར་བྱས་ཡོད།


བརྡ་འགྲེལ་གདོང་འཛར།

སྒོ་འགྲམ། སྙན་རྩོམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-23

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།