རྗེ་བིན་ཟི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྗེ་བིན་ཟི།
ཝེ་ལེན་མུའུ•སི་ཐན་ལི•རྗེ་བིན་ཟི། སྤྱི་ལོ1835ལོའི་ཟླ9བའི་ཚེས1ཉིན་ལི་ཝུའུ་ཕུའུ་ནས་འཕྲུལ་འཁོར་བཟོ་བ་ཞིག་གི་ཁྱིམ་ནས་སྐྱེས་ཤིང་། དབྱིན་ཇིའི་མིང་དུ་གྲགས་པའི་དཔལ་འབྱོར་རིག་པ་བ་དང་གཏན་ཚིགས་རིག་པ་བ་ཡིན། སྤྱི་ལོ1882ལོའི་ཟླ8པའི་ཚེས13ཉིན་ཧའེ་སི་ཐིང་སི་ནས་ཆུ་རྐྱལ་དུས་ཆུར་འཐིམ་ནས་འདས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཝེ་ལེན་མུའུ•སི་ཐན་ལི•རྗེ་བིན་ཟི།
རྒྱ་ཡིག་གི་མིང་།
威廉姆·斯坦利·杰文斯
དབྱིན་ཡིག་གི་མིང་།
William Stanley Jevons
ཕོ་མོ།
ཕོ།
སྐྱེས་ལོ།
སྤྱི་ལོ1835ལོའི་ཟླ9བའི་ཚེས1ཉིན།
འདས་ལོ།
སྤྱི་ལོ1882ལོའི་ཟླ8པའི་ཚེས13ཉིན།
སྐྱེས་ཡུལ།
ལི་ཝུའུ་ཕུའུ།
འདས་ཡུལ།
ཧའེ་སི་ཐིང་སི།
རྒྱལ་ཁབ།
དབྱིན་ཇི།
མཐར་ཕྱིན་སློབ་གྲྭ།
ལོན་ཏོན་སློབ་གྲྭ་ཆེན་མོ།
1 ​ངོ་སྤྲོད།

ཝེ་ལེན་མུའུ·སི་ཐན་ལི·རྗེ་བིན་ཟི། སྤྱི་ལོ1835ལོའི་ཟླ9བའི་ཚེས1ཉིན་ལི་ཝུའུ་ཕུའུ་ནས་འཕྲུལ་འཁོར་བཟོ་བ་ཞིག་གི་ཁྱིམ་ནས་སྐྱེས་ཤིང་། དབྱིན་ཇིའི་མིང་དུ་གྲགས་པའི་དཔལ་འབྱོར་རིག་པ་བ་དང་གཏན་ཚིགས་རིག་པ་བ་ཡིན། སྤྱི་ལོ1851ལོར་ལོན་ཏོན་སློབ་གྲྭ་ཆེན་མོར་ཞུགས་ནས་རྫས་འགྱུར་རིག་པ་དང་སྐྱེ་དངོས་རིག་པར་སྦྱངས། སྤྱི་ལོ1853ལོ་ནས་སྤྱི་ལོ1859ལོའི་བར་དུ་ཨོ་སི་ཁྲེའི་དངུལ་ལོར་བཟོ་གྲྭ་ཞིག་ཏུ་ལས་ཀ་བྱས། སྤྱི་ལོ1859ནས་སྤྱི་ལོ1863ལོར་ལོན་ཏོན་སློབ་གྲྭ་ཆེན་མོར་རྩོམ་རིག་གི་ཤེས་རམས་སློབ་གནས་བླངས། སྤྱི་ལོ1863ལོ་ནས་མཎ་ཆི་ཟི་ཐི་སློབ་ཆེན་དུ་དགེ་རྒན་བྱས། སྤྱི་ལོ1866ལོ་ནས་གཏན་ཚིགས་རིག་པ་དང་། ཀུན་སྤྱོད་མཚན་ཉིད་རིག་པ། ཆབ་སྲིད་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོའི་འགན་འཁུར། སྤྱི་ལོ1872ལོར་དབྱིན་ཇིའི་རྒྱལ་རྗེ་རིག་གཞུང་ཚོགས་པའི་ཞིབ་འཇུག་པར་བདམས། སྤྱི་ལོ1875ལོར་ལོན་ཏོན་སློབ་ཆེན་གྱི་ཆབ་སྲིད་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོའི་འགན་འཁུར། སྤྱི་ལོ1882ལོའི་ཟླ8པའི་ཚེས13ཉིན་ཧའེ་སི་ཐིང་སི་ནས་ཆུ་རྐྱལ་དུས་ཆུར་འཐིམ་ནས་འདས།

2 གྲུབ་འབྲས།

1.གོ་ནུས་གཞུང་ལུགས། ཚོང་ཟོག་གི་གོ་ནུས་གཞལ་ཚད་ནི་ཚོང་ཟོག་གི་གྲངས་ཚད་དང་རྒྱུན་མཐུད་ཀྱིས་རྟེན་འབྱུང་གྲུབ་པ་དང་། དེ་ནི་དཔལ་འབྱོར་རིག་པ་ནི་གྲངས་རིག་ཚན་རིག་གི་ལྟ་བའི་སྡེ་ཅིག་ཡིན་པ་དེ་རེད། ཁོའི《ཆབ་སྲིད་དཔལ་འབྱོར་རིག་པའི་གྲངས་རིག་གཞུང་ལུགས་རྒྱས་བཤད》ཀྱི་ནང་དུ་རྣམ་པ་དེ་ལྷག་པར་དུ་གསལ་པོར་བརྗོད་ཡོད།

2.རྡོ་སོལ་གྱི་གནད་དོན། རྗེ་བིན་ཟི་ནི་དཔལ་འབྱོར་གཞུང་ལུགས་རྩ་བའི་གྲངས་མཛོད་ཀྱི་རིགས་པའི་གཞུང་ལུགས་པ་རེད། འོན་ཀྱང་ཁོ་རང་མིང་དུ་གྲགས་པ་ནི་དངོས་ཡོད་དཔལ་འབྱོར་གནད་དོན་གྱི་དཔྱད་བརྗོད་རེད། རྒྱུན་མཚན་ནི《གསེར་གྱི་རིན་ཐང་ལྷུང་བ》དང་།《རྡོ་སོལ་གྱི་གནད་དོན》ཞེས་པའི་རྩོམ་ཡིག་གཉིས་ལས་ཁོ་རང་དངོས་སྤྱོད་དཔལ་འབྱོར་རིག་པ་བ་དང་སྡོམ་རྩིས་རིག་པ་བའི་ཁྱབ་ཁོངས་ཀྱི་རྩོམ་མཁན་གྱི་གྲས་སུ་ཚུད། ཁོས《ཆབ་སྲིད་དཔལ་འབྱོར་རིག་པའི་གཞུང་ལུགས》བརྩམས་མེད་ཀྱང་། ཁོ་རང་ཡང་དུས་རབས19བའི་མིང་གྲགས་ཅན་གྱི་དཔལ་འབྱོར་རིག་པ་བའི་གྲས་ཤིག་རེད།

3.གཏན་ཚིགས་རིག་པ། རྗེ་བིན་ཟིའི་གཏན་ཚིགས་རིག་པའི་སྟེང་གི་གྲུབ་འབྲས་ནི་ཁོའི་ཆབ་སྲིད་དཔལ་འབྱོར་རིག་པའི་སྟེང་གི་གྲུབ་འབྲས་ཀྱི་དམན་མིན་ལ། སྤྱི་ལོ1864ལོར་ཁོས་པར་སྐྲུན་བྱས་པའི་དཔེ་དེབ《གཏན་ཚིགས་རྐྱང་པ་དང་ངམ་གྲངས་ཀ་དང་གྲངས་བར་གྱི་གཏན་ཚིགས》ཞེས་པ་ནི་ཆའོ་ཀྲི·པུའུ་ཨེར་གྱི་གཏན་ཚིགས་མ་ལག་གི་རྨང་གཞིའི་སྟེང་བརྩམས་པ་ཞིག་ཡིན་ལ། ཆེས་སྟབས་བདེའི་ཐབས་ལམ་ནི“རིགས་མཐུན་པར་ངེས་པར་དུ་མཐུན་པའི་སྤུས་ཚད་ཡོད་པ” དེ་རེད།

3 བརྩམས་ཆོས།

ཁོའི་བརྩམས་ཆོས་ལ《ཆབ་སྲིད་དཔལ་འབྱོར་རིག་པའི་གཞུང་ལུགས》དང་།《དངུལ་ལོར་དང་བརྗེ་རེས་སྡེ་ཁག》《ཆབ་སྲིད་དཔལ་འབྱོར་རིག་པའི་འཇུག་སྒོ》སོགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-06

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།