ཨོ་སི་ཁྲེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨོ་སི་ཁྲེ།
ཨོ་སི་ཁྲེ་དཔལ་འབྱོར་རིག་པའི་གྲུབ་མཐའ་འདི་ནི་དུས་རབས19བའི་ལོ་རབས70པའི་མགོར་བྱུང་ལ། སྲོལ་འབྱེད་པ་ནི་ཁཱའར་མོན་གོར་ཡིན། གྲུབ་མཐའ་འདིའི་སྲོལ་འབྱེད་པ་དང་ཚབ་མཚོན་མི་སྣ་ཁའར་མོན་གོར་དང་། ཝེར་ཟི། ཕཱང་པཱ་ཝེར་ཁེ་སོགས་ནི་ཨོ་སི་ཁྲེའི་མི་ཡིན་པས་དེ་ལྟར་གྲགས། ཁོ་ཚོ་ཝེར་ནཱ་སློབ་གྲྭ་ཆེན་མོའི་ནང་དུ་དགེ་རྒན་བྱས་མྱོང་པས། ཡང་ཝེར་ནཱ་གྲུབ་མཐའ་ཞེས་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཨོ་སི་ཁྲེ་དཔལ་འབྱོར་རིག་པའི་གྲུབ་མཐའ།
རྒྱ་ཡིག་གི་མིང་།
奥地利经济学派
དབྱིན་ཡིག་གི་མིང་།
Austrian School
བྱུང་བའི་ལོ་ཚིགས།
དུས་རབས19བའི་ལོ་རབས70པའི་མགོ
སྲོལ་འབྱེད་པ།
ཁཱའར་མོན་གོར།
རྒྱ་ཡིག་གི་མིང་།
卡尔·门格尔
དབྱིན་ཡིག་གི་མིང་།
Carl Menger
ལས་རིགས།
དཔལ་འབྱོར་རིག་པ་བ།
1 ངོ་སྤྲོད།

ཨོ་སི་ཁྲེ་དཔལ་འབྱོར་རིག་པའི་གྲུབ་མཐའ་འདི་ནི་དུས་རབས19བའི་ལོ་རབས70པའི་མགོར་བྱུང་ལ། སྲོལ་འབྱེད་པ་ནི་ཁཱའར་མོན་གོར་ཡིན། གྲུབ་མཐའ་འདིའི་སྲོལ་འབྱེད་པ་དང་ཚབ་མཚོན་མི་སྣ་ཁའར་མོན་གོར་དང་། ཝེར་ཟི། ཕཱང་པཱ་ཝེར་ཁེ་སོགས་ནི་ཨོ་སི་ཁྲེའི་མི་ཡིན་པས་དེ་ལྟར་གྲགས། ཁོ་ཚོ་ཝེར་ནཱ་སློབ་གྲྭ་ཆེན་མོའི་ནང་དུ་དགེ་རྒན་བྱས་མྱོང་པས། ཡང་ཝེར་ནཱ་གྲུབ་མཐའ་ཞེས་ཀྱང་ཟེར།

སྤྱིར་བཏང་དུ། གྲུབ་མཐའ་འདི་ནི་སྤྱི་ལོ1871ལོར་ཁཱའར་མོན་གོར་གྱིས《རྒྱལ་དམངས་དཔལ་འབྱོར་རིག་པའི་རྣམ་བཞག》སྤེལ་བ་ནས་མགོ་ཚུགས་པར་བཤད་པ་དང། དུས་རབས19པའི་ལོ་རབས80པར། དཔལ་འབྱོར་རིག་པ་བ་ཝེར་ཟི་དང་ཕཱང་པཱ་ཝེར་ཁེ་གཉིས་ཀྱིས་ཁོའི་རྗེས་འབྲངས་པའི་རྐྱེན་གྱིས། ཁོའི་སློབ་མ་མང་པོ་ཞིག་གིས་བདེ་ལེགས་ངང་རྩོམ་འབྲི་གནང་བ་དང་། ལྷག་པར་དུ་ཁོས་རང་ཉིད་ཀྱིས་སྤེལ་བའི་བྱེད་ཐབས་གླེང་བའི་སྐོར་གྱི་དེབ་ཅིག་བརྩམས་པ་དེས། ཁོ་ལ་རྗེས་འབྲངས་པ་དང་རྒྱལ་སྤྱིའི་དཔལ་འབྱོར་ལས་རིགས་ཀྱིས་དོ་སྣང་བྱས། སྐབས་དེར་སླེབས་དུས། ཨོ་སི་ཁྲེ་དཔལ་འབྱོར་རིག་པའི་གྲུབ་མཐའ་ནི་ཀུན་གྱིས་ཁེས་ལེན་པའི་གྲུབ་མཐའ་ཞིག་ཏུ་གྲུབ་འདུག ཝེར་ཟི་དང་ཕཱང་པཱ་ཝེར་ཁེ་གཉིས་ཀྱི་བརྩམས་ཆོས་ཁ་ཤས་དབྱིན་ཡིག་ཏུ་བསྒྱུར་ཤིང་། སྤྱི་ལོ1890ལོར 《ཨ་མེ་རི་ཁའི་ཆབ་སྲིད་དང་སྤྱི་ཚོགས་ཚན་རིག་རིག་གཞུང་ལྷན་ཚོགས་ལོ་དེབ》ཀྱི་རྩོམ་སྒྲིག་པ་རྣམས་ཀྱིས་ཕཱང་པཱ་ཝེར་ཁེ་ལ་གྲུབ་མཐའ་འདིའི་བསམ་བློ་འགྲེལ་བར་རེ་བ་ཞུས།

2  ཚབ་མཚོན་མི་སྣ།

1.ཁཱའར་མོན་གོར། སྤྱི་ལོ1840ལོར་སྐྱེས་ཤིང་། ཨོ་སི་ཁྲེ་དཔལ་འབྱོར་རིག་པའི་གྲུབ་མཐའི་སྲོལ་འབྱེད་མཁན་ཡིན། སྤྱི་ལོ1873གོར་ཝེར་ནཱ་སློབ་གྲྭ་ཆེན་མོའི་དགེ་རྒན་བྱས། སྤྱི་ལོ1876ནས་སྤྱི་ལོ1878ལོའི་བར་ཨོ་སི་ཁྲེའི་རྒྱལ་སྲས་ཀྱི་སློབ་དཔོན་བྱས། སྤྱི་ལོ1903ལོར་ལས་འཁྱེར་ངལ་གསོ་བྱས། མཚོན་བྱེད་བརྩམས་ཆོས་ནི《རྒྱལ་དམངས་དཔལ་འབྱོར་རིག་པའི་རྣམ་བཞག》ཅེས་པ་ཡིན།

2.ཝེར་ཟི། སྤྱི་ལོ1851ལོར་སྐྱེས་ཤིང་། ཝེར་ནཱ་སློབ་ཆེན་དུ་ཁྲིམས་ལུགས་སྦྱངས་ནས་སློབ་མཐར་ཕྱིན། སྤྱི་ལོ1903ནས་སྤྱི་ལོ1922ལོའི་བར་ཁཱའར་མོན་གོར་གྱི་རྗེས་འབྲངས། སྤྱི་ལོ1926ལོར་འདས། ཁོའི་བརྩམས་ཆོས་ལ《དཔལ་འབྱོར་རིག་པའི་རིན་ཐང་གི་འབྱུང་ཁུངས་དང་ཆོས་ཉིད་གཙོ་བོ》དང་།《རང་བྱུང་རིན་ཐང》《སྤྱི་ཚོགས་དཔལ་འབྱོར་གཞུང་ལུགས》སོགས་ཡོད།

3.ཕཱང་པཱ་ཝེར་ཁེ། སྤྱི་ལོ1851ལོར་སྐྱེས་ཤིང་། ཝེར་ཟི་ཡི་སློབ་གྲོགས་ཡིན། མཉམ་དུ་ཝེར་ནཱ་སློབ་ཆེན་ནས་ཁྲིམས་ལུགས་ལ་སློབ་གཉེར་བྱས། སྤྱི་ལོ1889ལོ་ནས་ཨོ་ཞོང་བཙན་རྒྱལ་གྱི་ནོར་སྲིད་ཁང་དུ་ལས་ཀ་བྱས་ཤིང་། ནོར་སྲིད་བློན་ཆེན་གྱི་འགན་འཁུར། སྤྱི་ལོ1904ལོ་ནས་ཝེར་ནཱ་སློབ་ཆེན་དུ་དགེ་རྒན་བྱས། ཁོའི་བརྩམས་ཆོས་ལ《སྐྱེད་ཀའི་གཞུང་ལུགས་ཀྱི་ལོ་རྒྱུས་དང་མཐའ་དཔྱོད》《མ་རྩ་དངོས་སྒྲུབ་རྣམ་བཞག》《མར་ཁེ་ཟིའི་མ་ལག་གི་ཕམ་འཇོག》སོགས་ཡོད།

3 གྲུབ་མཐའི་དཔལ་འབྱོར་གཞུང་ལུགས་ཀྱི་ནང་དོན།

1.ཆབ་སྲིད་དཔལ་འབྱོར་རིག་པའི་ཞིབ་འཇུག

2.མུ་མཐའི་གོ་ནུས་རིན་ཐང་གི་གཞུང་ལུགས།

3.རིན་གོང་གི་ལྟ་བ།

4.ཐོན་སྐྱེད་རྒྱུ་ཆའི་རིན་གོང་གི་གཞུང་ལུགས།

5.དུས་ཁྱད་སྐྱེད་ཀའི་གཞུང་ལུགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-29

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།