གནམ་འོག་སྲིད་འཛིན་གྲོང་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲིད་འཛིན་གྲོང་ཚོ་དེ་ནི་ཉིང་ཁྲི་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སྤྱི་ལེ3ལྷག་ཙམ་གྱི་སར་ཡོད་ཅིང་། དེར་ཐེམ་དུད43ལ་མི་གྲངས193ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朗欧行政村
ཁོངས་གཏོགས།
སྲིད་འཛིན་གྲོང་ཚོ།
1 ངོ་སྤྲོད།

སྲིད་འཛིན་གྲོང་ཚོ་དེ་ནི་ཉིང་ཁྲི་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སྤྱི་ལེ3ལྷག་ཙམ་གྱི་སར་ཡོད་ཅིང་། དེར་ཐེམ་དུད43ལ་མི་གྲངས193ཡོད།

2 མིང་ཐོགས་ཚུལ།

གནམ་འོག་ཞེས་པའི་མིང་ནི་བཤད་སྲོལ་ལ་གནའ་སྔ་མོ་བླ་མ་གཉིས་གནས་སྐོར་དུ་ཕེབས། དེ་གཉིས་ལས་གཅིག་ལ་འབྱུང་བ་ལྔ་ཡི་སྒྲའི་དོན་གོ་བའི་ཡོན་ཏན་ལྡན། ནམ་ཞིག་ལམ་བར་དུ་སྐུ་ངལ་གསོས་ནས་གསོལ་ཇ་བསྐོལ་རྒྱུའི་གྲ་སྒྲིག་གནང་། བླ་མ་གཅིག་ཆུ་བཞེས་པར་ཕེབས་སྐབས་ཆུའི་ནང་ནས་ཆུ་སྒྲ་ཞིག་གསན་ཏེ། ཁྱེད་ཀྱི་སྐོར་གྲོགས་ནི་མགོ་ནག་མི་ཡི་དཔོན་པོ་ཞིག་ཆགས་ངེས་རེད། ཁྱེད་ནི་ལུང་པ་ཕུ་ཡི་ཕྲུ་གུ་མང་པོ་ཡོད་པའི་ཕ་ཞིག་ཆགས་ངེས་རེད་ཅེས་གསན། དེ་ནས་བླ་མ་དེས་ཆུ་བཞེས་ནས་ཚུར་ཕེབས་རྗེས་ཐབ་ཀྱི་འགྲམ་དུ་ཐུགས་སྐྱོ་བའི་ངང་སྤྱན་ཆབ་བསིལ་བཞིན་བཞུགས། བླ་མ་གཞན་པ་དེས་གཟིགས་ནས་སྐད་ཆ་དྲིས་པས། ང་ཆུ་ལེན་པར་འགྲོ་སྐབས་ཆུ་སྒྲའི་ནང་ཁྱེད་ནི་མགོ་ནག་མི་ཡི་དཔོན་པོ་དང་། ང་ནི་ལུང་པ་ཕུ་ཡི་ཕྲུ་གུ་མང་པོ་ཡོད་པའི་ཕ་ཞིག་ཏུ་འགྱུར་པ་རེད་ཅེས་ཐོས་བྱུང་ཞེས་གསུངས། བླ་མ་གཞན་པ་དེས་དེ་འདྲ་ཡིན་ཚེ་ངས་ཁྱེད་ལ་འཐག་སྐུད་ཅིག་སྤྲོད་ཆོག རྗེས་སུ་ཁྱེད་ལ་སྐུ་ངལ་འཕྲད་ཚེ་འདི་ཁྱེར་ནས་ང་འཚོལ་བར་ཕེབས་ཤོག་ཅེས་གསུངས། དེ་ནས་ཆུ་སྒྲའི་ལུང་བསྟན་ལྟར་བླ་མ་དེ་ས་གནས་དེ་གར་འཇིག་རྟེན་ཁྱིམ་པའི་འཚོ་བར་ཞུགས་པས་ཕྲུ་གུ་མང་བའི་ཁྱིམ་ཚང་གི་ཕ་རུ་གྱུར། ཕྱིས་སུ་ཕྲུ་གུ་མང་བའི་རྐྱེན་གྱིས་ཁྱིམ་གྱི་འཚོ་བ་དབུལ་ཞིང་ཕོངས་པར་གྱུར། ཁོང་གི་སྐོར་གྲོགས་དེ་མུ་མཐུད་གནས་སྐོར་ལ་ཕེབས་རྗེས་མི་ཡི་རྗེ་བོར་གྱུར། དེ་ནས་ཁོང་གཉིས་ཐུགས་འཕྲད་མ་བྱུང་བར་ལོ་མང་འདས། ཉིན་ཞིག་ཕ་དེས་འཚེམ་བཟོ་བྱེད་སྐབས་འཐག་སྐུད་དེ་གཟིགས་པ་དང་དེ་མུར་སྔོན་གྱི་སྐོར་རོགས་ཀྱི་གསུང་ཡིད་ལ་དྲན་ཏེ་སྐོར་གྲོགས་འཚོལ་བའི་ལམ་དུ་བཞུད། དེའི་ཚེ་མི་ཡི་རྒྱལ་པོ་དེས་ཀྱང་འཁོར་གཡོག་རྣམས་ལ་མདང་ནུབ་ང་ལ་རྨི་ལམ་ཁྱད་མཚར་པོ་ཞིག་རྨིས་བྱུང་། དེ་རིང་ང་འཚོལ་བར་ཡོང་མཁན་ཡོད་ཚེ་ཡར་གཏོང་ཤོག་ཅེས་དམག་རྣམས་ལ་བཀའ་ཕབ། ཉིན་ཞིག་ཕ་རྒན་དེ་རྒྱལ་པོའི་ཕོ་བྲང་དུ་འབྱོར། སྒོ་སྲུང་བས་ཁོང་སྤྲང་པོ་ཞིག་རེད་སྙམ་ནས་ཕྱིར་ཕུད། ཉིན་དེའི་དགོང་མོ་རྒྱལ་པོས་གཟིམ་དམག་ལ་དེ་རིང་ང་འཚོལ་བར་ཡོང་མཁན་མི་འདུག་གམ་ཞེས་དྲིས། གཟིམ་དམག་གིས་དེ་རིང་ལྟོ་སློང་མཁན་སྤྲང་པོ་ཞིག་ལས་རྗེ་བོ་འཚོལ་མཁན་སླེབས་མ་བྱུང་ཞེས་ལན་ཕུལ། རྒྱལ་པོས་ཐུགས་ཀྱིས་མཁྱེན་ནས་ཕལ་ཆེར་ང་འཚོལ་མཁན་མི་དེ་རེད་ཅེས་གསུང་བཞིན་དམག་རྣམས་མི་དེ་འཚོལ་དུ་མངགས་པས། མཐར་རྙེད་ནས་རྒྱལ་པོ་དང་ཞལ་མཇལ། རྒྱལ་པོས་ཕ་རྒན་གྱི་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱུང་ནས་སེམས་གསོ་ཆེད་དུ་ཁྱེད་གནས་སྡོད་བྱེད་སའི་གནམ་འོག་གི་ས་ཡོངས་རྫོགས་ཁྱེད་ལ་དབང་བ་རེད་ཅེས་གསུངས་པས། ཕ་རྒན་གནས་ས་དེ་ད་ལྟའི་གནམ་འོག་གྲོང་ཚོ་ཡིན་སྟབས། གྲོང་ཚོའི་མིང་ལ་གནམ་འོག་ཅེས་ཐོབ་པར་གྲགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-06

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།