མར་ཁི་ཟི•བེ་རྦིར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མར་ཁི་ཟི•བེ་རྦིར།
མར་ཁི་ཟི•བེ་རྦིར། སྤྱི་ལོ1864ལོའི་ཟླ4པའི་ཚེས21ཉིན་འཇར་མན་གྱི་ཐུའུ་ལིན་ཀེན་ཨའེ་ཨར་ ཧྥུའུ་ཐུ་གྲོང་ཁྱེར་དུ་སྐྱེས། ཁོ་རང་དུས་རབས20པར་ནུབ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པའི་སྤྱི་ཚོགས་རིག་པ་བ་ཞིག་ཏུ་ངོས་འཛིན་ལ། དཔལ་འབྱོར་སྤྱི་ཚོགས་རིག་པ་དང་། ཆོས་ལུགས་སྤྱི་ཚོགས་རིག་པ། རིག་གནས་བསྡུར་དཔྱོད་ཞིབ་འཇུག་སོགས་ཀྱི་ཕྱོགས་ལ་ངེས་པ་དོན་གྱི་དེད་དཔོན་ཏུ་གྱུར། སྤྱི་ལོ1894ནས་སྤྱི་ལོ1896ལོའི་བར་དུ་ཧེ་རྡི་རྦེ་རྒི་སློབ་ཆེན་དང་ཧྥོ་ལར་བྷོ་སློབ་ཆེན་དུ་ཆབ་སྲིད་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོའི་འགན་བཞེས། སྤྱི་ལོ1918ལོར་ཝེར་ནཱ་སློབ་ཆེན་དུ་དགེ་རྒན་བྱས། ཕྱི་རབས་པས“རྩ་འཛུགས་གཞུང་ལུགས་ཀྱི་ཕ”ཞེས་མཚན་སྙན་གསོལ་ཡོད། སྤྱི་ལོ1920ལོའི་ཟླ6པའི་ཚེས14ཉིན་མུའུ་ཉི་ཧེ་རུ་འདས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མར་ཁི་ཟི•བེ་རྦིར།
རྒྱ་ཡིག་གི་མིང་།
马克斯·韦伯
དབྱིན་ཡིག་གི་མིང་།
Max Weber
བཟའ་ཟླ།
མཱ་ལི་ཨན་ཉི·ཧྲི་ཉི་ཐུ་ཀུ་ཨེར།
སྐྱེས་ལོ།
སྤྱི་ལོ1864ལོའི་ཟླ4པའི་ཚེས21ཉིན།
འདས་ལོ།
སྤྱི་ལོ1920ལོའི་ཟླ6པའི་ཚེས14ཉིན།
སྐྱེས་ཡུལ།
ཐུའུ་ལིན་ཀེན་ཨའེ་ཨར་ཧྥུའུ་ཐུ་གྲོང་ཁྱེར།
འདས་ཡུལ།
མུའུ་ཉི་ཧེ།
རྒྱལ་ཁབ།
འཇར་མན།
མི་རིགས།
ཏུ་དབྱི་ཀྲི་མི།
དད་མོས།
ཡེ་ཤུ་ཆོས་ལུགས།
མཐར་ཕྱིན་སློབ་གྲྭ།
ཧེ་རྡི་རྦེ་རྒི་སློབ་ཆེན།
ལས་རིགས།
ཆབ་སྲིད་དཔལ་འབྱོར་རིག་པ་བ། སྤྱི་ཚོགས་རིག་པ་བ།
ཚབ་བྱེད་བརྩམས་ཆོས།
《གནའ་རབས་ཡ་ཧི་ད་པའི་ཆོས་ལུགས》《ཆོས་ལུགས་གསར་མའི་མི་ཆོས་དང་མ་རྩ་རིང་ལུགས་ཀྱི་སྙིང་སྟོབས》
1 ​ངོ་སྤྲོད།

མར་ཁི་ཟི·བེ་རྦིར། སྤྱི་ལོ1864ལོའི་ཟླ4པའི་ཚེས21ཉིན་འཇར་མན་གྱི་ཐུའུ་ལིན་ཀེན་ཨའེ་ཨར་ཧྥུའུ་ཐུ་གྲོང་ཁྱེར་དུ་སྐྱེས། ཨ་ཕ་ནི་ཁྲིམས་ལུགས་རིག་པ་བ་ཞིག་དང་། ཨ་མ་ནི་ཇཱར་བིན་ཆོས་ལུགས་ཀྱི་དད་མོས་བྱེད་མཁན་ཞིག་ཡིན། ཁོ་རང་དུས་རབས20པར་ནུབ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པའི་སྤྱི་ཚོགས་རིག་པ་བ་ཞིག་ཏུ་ངོས་འཛིན་ལ། དཔལ་འབྱོར་སྤྱི་ཚོགས་རིག་པ་དང་། ཆོས་ལུགས་སྤྱི་ཚོགས་རིག་པ། རིག་གནས་བསྡུར་དཔྱོད་ཞིབ་འཇུག་སོགས་ཀྱི་ཕྱོགས་ལ་ངེས་པ་དོན་གྱི་དེད་དཔོན་ཏུ་གྱུར། གཞོན་ནུའི་དུས་སུ་ཧེ་རྡི་རྦེ་རྒི་སློབ་ཆེན་དུ་ཁྲིམས་ལུགས་རིག་པར་སློབ་སྦྱོང་བྱས། སྤྱི་ལོ1894ནས་སྤྱི་ལོ1896ལོའི་བར་དུ་ཧེ་རྡི་རྦེ་རྒི་སློབ་ཆེན་དང་ཧྥོ་ལར་བྷོ་སློབ་ཆེན་དུ་ཆབ་སྲིད་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོའི་འགན་བཞེས། སྤྱི་ལོ1918ལོར་ཝེར་ནཱ་སློབ་ཆེན་དུ་དགེ་རྒན་བྱས། ཁོས་སྐབས་དེའི་འཇར་མན་གྱི་ཆབ་སྲིད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། ཧྥན་ཨེར་སེ་གྲོས་ཚོགས་སྟེང་འཇར་མན་གྱི་ཚབ་བྱས་ནས་གྲོས་མོས་བྱས་མྱོང་བ་མ་ཟད། ཝེ་མཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་འབེབས་ཇུས་གཞི་ལ་ཞུགས། ཐའེ་ལུ་དང་ཧྥ་ཡའེ་ཨེར་མཉམ་དུ་ལོ་རྒྱུས་ཀྱི་དུས་སྐབས་གཅིག་ལ་ནུབ་ཕྱོགས་ཀྱི་གནའ་དཔེ་དོ་དམ་གཞུང་ལུགས་ལ་བྱས་རྗེས་ཆེན་པོ་བཞག་ལ། ཐུན་མོང་གིས་ཁེས་ལེན་པའི་གནའ་དཔེ་སྤྱི་ཚོགས་རིག་པའི་གཞུང་ལུགས་དང་ཐུན་མོང་སྲིད་འཛིན་རིག་པའི་སྲོལ་འབྱེད་མཁན་གྲས་ཤིག་ཡིན་ཞིང་། ཕྱི་རབས་པས“རྩ་འཛུགས་གཞུང་ལུགས་ཀྱི་ཕ”ཞེས་མཚན་སྙན་གསོལ་ཡོད། སྤྱི་ལོ1920ལོའི་ཟླ6པའི་ཚེས14ཉིན་མུའུ་ཉི་ཧེ་རུ་འདས།

2 གྲུབ་འབྲས།

མར་ཁི་ཟི·བེ་རྦིར་དང་ཁཱ་ཨེར·མར་ཁི་སི། ཨའེ་སྨི་ཨེར·ཐུའུ་ཨེར་ཀན་གསུམ་ལ་དེང་རབས་སྤྱི་ཚོགས་རིག་པའི་མེས་པོ་གསུམ་ཟེར་ཞིང་། སྐབས་དེར་ཁོ་རང་གཙོ་བོ་ལོ་རྒྱུས་རིག་པ་བ་དང་དཔལ་འབྱོར་རིག་པ་བར་བརྗོད་ཡོད་ཀྱང་། བཟོ་ལས་སྤྱི་ཚོགས་རིག་པ་དང་ཆོས་ལུགས་སྤྱི་ཚོགས་རིག་པ། ཆབ་སྲིད་སྤྱི་ཚོགས་རིག་པ། དཔལ་འབྱོར་ལོ་རྒྱུས་རིག་པ་སོགས་ཀྱི་ཐད་ནས་ཡང་བྱས་རྗེས་བཞག་ཡོད་ལ། སྐབས་དེའི་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་ཀྱི་ཐད་དུ་གཞུང་ལུགས་དང་ལྟ་བ་མང་པོ་བཏོན་ཡོད།

3 བརྩམས་ཆོས།

ཁོའི་གསུང་རྩོམ་ལ་ཁོང་ཉིད་འཚོ་བཞུགས་བྱས་པའི་སྐབས་པར་སྐྲུན་བྱས་པའི《གནའ་རབས་སྤྱི་ཚོགས་ཀྱི་ཞིང་ལས་ཐོན་སྐྱེད་འབྲེལ་བ》《རོའོ་མཱའི་ཞིང་ལས་ལོ་རྒྱུས་དང་དེས་རྒྱལ་ཁབ་ཁྲིམས་དང་སྒེར་ཁྲིམས་ལ་ཐོན་པའི་དོན་སྙིང》《ཆོས་ལུགས་གསར་མའི་མི་ཆོས་དང་མ་རྩ་རིང་ལུགས་ཀྱི་སྙིང་སྟོབས》《ཨུ་རི་སུའི་མ་རྩ་གྲལ་རིམ་གྱི་དམངས་གཙོའི་གནས་བབ》《དོན་ཡངས་འཇུག་གི་སྤྱི་ཚོགས་རིག་པའི་ཁྱབ་ཁོངས་ཁ་ཤས་གླེང་བ》《རོའོ་ལུགས་དང་ཏའོ་ལུགས》《ཧིན་རྡུའི་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས》《སྤྱི་ཚོགས་རིག་པ་དང་དཔལ་འབྱོར་རིག་པའི་ཁྲོད་ཀྱི་རིན་ཐང་མཚན་ཉིད་རིག་པའི་དབུ་མའི་རང་བཞིན་གྱི་དོན་སྙིང》《ལས་རིགས་སུ་ལྟ་བའི་ཆབ་སྲིད》《ལས་རིགས་སུ་ལྟ་བའི་རིག་གཞུང》《ཆོས་ལུགས་སྤྱི་ཚོགས་རིག་པའི་ཆེད་རྩོམ་ཕྱོགས་བསྒྲིགས》《གནའ་རབས་ཡ་ཧི་ད་པའི་ཆོས་ལུགས》སོགས་དང་། ཁོང་གཤེགས་རྗེས་ཁོང་གི་ལྕམ་གྱིས་ཕྱོགས་བསྒྲིགས་གནང་པའི《དཔལ་འབྱོར་དང་སྤྱི་ཚོགས》《དཔལ་འབྱོར་སྤྱིའི་ལོ་རྒྱུས》《ཚན་རིག་གི་ཆེད་རྩོམ་ཕྱོགས་བསྒྲིགས》《རྒྱལ་ཁབ་སྤྱི་ཚོགས་རིག་པ》《རོལ་དབྱངས་ཀྱི་ཚུལ་མཐུན་རང་བཞིན་གྱིའམ་སྤྱི་ཚོགས་ཀྱི་རྨང་གཞི》སོགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-06

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།