ལུག་ཆུང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ལུག་ཆུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་རིམས་ནད་དང་། དུག་ཚད་སྨུག་པོ་བཅས་ལ་ཕན།
1 ལོ་ཙཱ།

རྒྱ་ཡིག 灰木紫苑

དབྱིན་ཡིག a kind of herbal medicine

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་རིམས་ནད་དང་། དུག་ཚད་སྨུག་པོ་བཅས་ལ་ཕན།

2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་རིམས་ནད་དང༌། དུག་ཚད། སྨུག་པོ་བཅས་ལ་ཕན། 灰木紫苑。土名莲草或墨菜。菊科药用草本植物名。味苦,性凉,主治瘟疫清热解毒,治诸邪杂症。

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྤྱིའི་སྐྱེ་ཚུལ་ལུག་མིག་དང་འདྲ་བ་ལ་སྐྱེ་སྟོབས་ཆུང་བ་དང༌། སྡོང་པོ་བགྲད་ཅིང་ཐུང་བ་སྤྱིར་བཏང་ཡལ་ག་མེད་པ། སྡོང་པོ་སྔོ་སྨུག་སྤུ་འཇམ་ཡོད་པ་མཐོ་གང་ཙམ་པ་འདྲོང་པོར་སྐྱེ་བ་དང༌། ལོ་མ་ལྗང་སྐྱ་རལ་གྲིའི་དབྱིབས་ཅན་ཕན་ཚུན་རེ་རེས་མོས་སུ་སྐྱེ་བ། མེ་ཏོག་སྔོ་སྨུག་ལུག་མིག་གི་མེ་ཏོག་ཇི་བཞིན་སྡོང་པོའི་རྩེར་འཆར་བ་སྟེ། བོད་ཡུལ་གྱི་རི་མཐོའི་སྤང་འཇམ་སྟེང་དུ་སྐྱེ་བ། མེ་ཏོག་བོད་ཟླ་དྲུག་པའི་ནང་དུ་བཏུས་ཏེ་ཧམ་རུལ་མ་ཤོར་བར་བསིལ་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བ། ངོ་བོའི་ནུས་པས་གདོན་དང༌། རྨ་ཡི་ཉེས་སྐྱོན་འདུལ་ཞིང༌། རིམས་དུག་དང༌། བད་ཀན་སྨུག་པོ། རྩ་ཚད་སོགས་སེལ་བར་བྱེད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-28

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།