རིག་གནས་མིའི་རིགས་རིག་པའི་སྤྱི་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིག་གནས་མིའི་རིགས་རིག་པའི་སྤྱི་དོན།
《རིག་གནས་མིའི་རིགས་རིག་པའི་སྤྱི་དོན》ནི་འབའ་སྟོད་ཚེ་དབང་རྡོ་རྗེས་རྩོམ་སྒྲིག་བྱས་ཤིང་། འདིའི་ནང་དུ་རིག་ཚན་འདིའི་འབྲེལ་ཡོད་གཞུང་ལུགས་ཀྱི་སྤྱི་དོན་དང་རྨང་གཞིའི་ཤེས་བྱ། རིག་གཞུང་དེའི་རྩ་བའི་རིགས་པ་དང་ཐུན་མོང་མ་ཡིན་པའི་ཞིབ་འཇུག་ཐབས་ལམ་རྣམས་ཅི་ནུས་སྒོས་གཅིག་བསྡུས་བྱས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་དཔེ་མིང་།
《རིག་གནས་མིའི་རིགས་རིག་པའི་སྤྱི་དོན》
རྒྱ་ཡིག་གི་དཔེ་མིང་།
《文化人类学概述》
རྩོམ་སྒྲིག་པ།
འབའ་སྟོད་ཚེ་དབང་རྡོ་རྗེ།
རྒྱ་ཡིག་གི་མིང་།
才项多杰
དཔེ་སྐྲུན་ཁང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
པར་གཞིའི་ལོ་ཚིགས།
སྤྱི་ལོ2016ལོའི་ཟླ11པར་པར་གཞི་དང་པོ།
1 ​ནང་དོན་གནད་བསྡུས།

དཔེ་དེབ་འདི་ནི་ད་ལྟ་རྒྱལ་ནང་གི་སློབ་གྲྭ་ཆེན་མོ་ཁག་ན་རྒྱ་ཆེར་བེད་སྤྱོད་བྱེད་བཞིན་པའི་ཚད་ལྡན་སློབ་དེབ་དག་ལ་གཞི་བཅོལ་ཞིང་། སྒྱུར་སྒྲིག་ཟུང་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་གྲུབ་པ་ཞིག་ཡིན། དེ་ཡང་རིག་གནས་མིའི་རིགས་རིག་པ་ཞེས་པའི་རིག་ཚན་འདིའི་འབྲེལ་ཡོད་གཞུང་ལུགས་ཀྱི་སྤྱི་དོན་དང་རྨང་གཞིའི་ཤེས་བྱ། རིག་གཞུང་དེའི་རྩ་བའི་རིགས་པ་དང་ཐུན་མོང་མ་ཡིན་པའི་ཞིབ་འཇུག་ཐབས་ལམ་རྣམས་ཅི་ནུས་སྒོས་གཅིག་བསྡུས་བྱས་ཡོད་ལ། དཔེ་དེབ་འདི་ལ་མིག་སྔར་བར་གྱི་དཔྱད་འབྲས་གསར་བར་ཟུར་བརྒྱན་ཞིང་། གསལ་བཤད་ཀྱི་དཔེ་རྣམས་ནི་བོད་རང་གི་སྤྱི་ཚོགས་འཚོ་བ་ལས་བླངས་ཡོད་པས། འགྲོ་བ་མི་དང་རིག་གནས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཚེ། རིག་གནས་མིའི་རིགས་པའི་ལྟ་བ་འདི་དག་དང་། དེའི་ཐུན་མིན་གྱི་ཞིབ་འཇུག་ཐབས་ལམ་རྣམས་ཀྱིས་དེང་དུས་སྤྱི་ཚོགས་རིག་གནས་ཞིབ་འཇུག་ཐད་ལ་བྱས་རྗེས་སྔར་བས་ཆེ་བ་སྐྲུན་ཐུབ་པ་སོགས་ཀྱི་གནད་གོ་སླ་བ་དང་སྦྱངས་བདེ་བའི་སྒོ་ནས་བསྟན་ཡོད།

2 རྩོམ་པའི་དགོས་པ།

རིག་གནས་མིའི་རིགས་རིག་པ་ནི་དེང་རབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་གལ་ཆེན་ཞིག་ཡིན་པས་ན། རིག་གནས་མིའི་རིགས་རིག་པ་འདི་ཉིད་བོད་ཁམས་སུ་རྒྱ་ཆེར་འདྲེན་རྒྱུ་ནི་གལ་འགངས་ཆེན་ཞིག་རེད། དེར་དམིགས་ནས་བསླབ་དེབ་འདིའི་འབྲི་སྟངས་ཀྱི་རྣམ་བཞག་ནི་རྒྱལ་ཁབ་ཕྱི་ནང་གི་ཚད་ལྡན་སློབ་དེབ་དག་ལ་དཔེར་བལྟས་ཤིང་། ལྷག་པར་དུ་རྒྱལ་ནང་གི་སློབ་ཆེན་དག་ལ་སྤྱོད་རྒྱ་ཆེ་བའི་སློབ་དེབ་མང་པོ་གཞིར་བཅོལ་ནས་སྒྲིག་རྩོམ་བྱས་པ་ཡིན་ལ། ལྷག་པར་དུ་ས་བཅད་འགོད་སྟངས་དང་འབྲི་ཚུལ་ལས་བོད་རང་གི་ལས་དང་པོ་བ་ཞིག་ལ་ཉེ་བར་མཁོ་བའི་དགོས་མཁོ་ལྟར། རིག་གཞུང་འདིར་འཇུག་པའི་ལས་དང་པོ་བ་རྣམས་ལ་ཆེད་དུ་དམིགས་ནས་ངོ་སྤྲོད་རང་བཞིན་གྱི་ཚུལ་དུ་བྲིས་པ་ཞིག་ཡིན།  

དེ་བས། རིག་གཞུང་འདིའི་རྩ་བའི་རིག་པ་དང་ཐུན་མོང་མ་ཡིན་པའི་ཞིབ་འཇུག་བྱ་ཐུབ་རྣམས་ཅི་ནུས་ཀྱིས་བསྡུས་ཡོད་ལ། མིག་སྔར་བར་གྱི་དཔྱད་འབྲས་གསར་བས་ཟུར་བརྒྱན་ཞིང་། གསལ་བཤད་ཀྱི་དཔེ་རྣམས་ཕལ་མོ་ཆེ་བ་བོད་རང་གི་སྤྱི་ཚོགས་དང་རིག་གནས་སྣ་ཚོགས་ལས་བླངས་ཡོད་པས་གོ་བ་ལེན་བདེ་ཞིང་ངེས་ཤེས་བསྐྱེད་སླ་བ་ཞིག་ཏུ་བསྒྱུར་ཡོད།

3 དཀར་ཆག

ལེའུ་དང་པོ། མིའི་རིགས་རིག་པ་དང་རིག་གནས་མིའི་རིགས་རིག་པ།

ལེའུ་གཉིས་པ། མིའི་རིགས་རིག་པའི་གཞུང་ལུགས་གྲུབ་མཐའ་སྤྱི་བཤད།

ལེའུ་གསུམ་པ། རིག་གནས་མིའི་རིགས་རིག་པའི་ཞིབ་འཇུག་ཐབས་ལམ།

ལེའུ་བཞི་བ། རིག་གནས་དང་རིག་གནས་ཀྱི་འཕོ་འགྱུར།

ལེའུ་ལྔ་པ། རིགས་རྒྱུད་དང་མི་རིགས། རིགས་ཚོགས།

ལེའུ་དྲུག་པ། སྐད་བརྡ་དང་རིག་གནས།

ལེའུ་བདུན་པ། མི་གཤིས་དང་རིག་གནས།

ལེའུ་བརྒྱད་པ། རིག་གནས་དང་སྐྱེ་ཁམས།

ལེའུ་དགུ་པ། རིག་གནས་དང་དཔལ་འབྱོར་ལམ་ལུགས།

ལེའུ་བཅུ་པ། གཉེན་སྒྲིག་དང་ཁྱིམ་ཚང་།

ལེའུ་བཅུ་གཅིག་པ། ཆོས་ལུགས་དད་མོས་དང་ཆོ་ག

ལེའུ་བཅུ་གཉིས་པ། རིག་གནས་མིའི་རིགས་རིག་པའི་ཉེར་སྤྱོད།

ལེའུ་བཅུ་གསུམ་པ། རིག་གནས་མིའི་རིགས་རིག་པའི་འཕེལ་ཕྱོགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-06

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།