སྐྱུགས་པའི་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐྱུགས་པའི་ནད་ཟེར་བ་དེ་ནི་ནད་གཞི་ཁག་ཅིག་ལ་ཐུན་མོང་དུ་བྱུང་བའི་ནད་ཅིག་རེད། ཐོར་བུའི་ནད་བཅུ་དགུའི་ཡ་གྱལ་ཞིག་སྟེ། རླུང་མཁྲིས་བད་ཀན་སོགས་ནད་གཞི་ཅི་རིགས་ཀྱི་རྐྱེན་གྱིས་ཝུ་བ་ཆུ་ཐབས་དང་། སེར་པོ་བེ་སྣབས། སྨུག་པོ་རྒྱལ་བཤལ། ཟས་དང་སྲིན་སོགས་སྐྱུགས་པའི་ནད་ཀྱི་མིང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
反胃   消化不良
ཁོངས་གཏོགས།
ཐོར་བུའི་ནད་བཅུ་དགུའི་ཡ་གྱལ།
1 ངོ་སྤྲོད།

སྐྱུགས་པའི་ནད་ཟེར་བ་དེ་ནི་ནད་གཞི་ཁག་ཅིག་ལ་ཐུན་མོང་དུ་བྱུང་བའི་ནད་ཅིག་རེད། ཐོར་བུའི་ནད་བཅུ་དགུའི་ཡ་གྱལ་ཞིག་སྟེ། རླུང་མཁྲིས་བད་ཀན་སོགས་ནད་གཞི་ཅི་རིགས་ཀྱི་རྐྱེན་གྱིས་ཝུ་བ་ཆུ་ཐབས་དང་། སེར་པོ་བེ་སྣབས། སྨུག་པོ་རྒྱ་བཤལ། ཟས་དང་སྲིན་སོགས་སྐྱུགས་པའི་ནད་ཀྱི་མིང་། 

2 འབྱུང་རྐྱེན། 

ཕོ་ནད་མ་ཞུ་བ་དང། ཁོང་འབྲས། ཕོ་བ་སྨུག་པོ། གཤེར་མའི་གཉན་ཚད། ཕོ་བ་དང་རྒྱུ་མའི་གཉན་ཚད། ཀླད་པའི་ནད་འགྱུར། སྣོད་མཁྲིས་ཀྱི་ནད། ཕོ་རླུང་འཁྲུགས་པ། སྲིན་ནད། བུད་མེད་ཀྱི་འཁྲི་ནད་སོགས་དང། ཡང་ན་གློ་བུར་དུ་ཟས་སྐོམ་གྲང་མོ་དང་འཇུ་དཀའ་བའི་རིགས་བསྟེན་ཆེས་པ་དང། དྲི་ངན་ཁ་བའི་ཟས་སྐོམ་དང། སྨན་རིགས་རེག་མཐོང་བྱུང་བ་སོགས་ཀྱི་སློང་གི་ཡོད་པ་རེད།

3 ནད་རྟགས།   

སྤྱིར་བཏང་མ་ཞུ་བ་དང་ཁོང་འབྲས་ལ་ཟས་མདོག་མ་ལོག་པ་དང་བེ་སྣབས་སྐྱུག་པ། ཕོ་བ་དང་རྒྱུ་མའི་གཉན་ཚད་ལ་ཆུ་སྐྱུར་སྐྱུག་པ། ཕོ་བ་སྨུག་པོར་རྒྱ་བཤལ་དུད་ཁུ་ཁྲག་བཅས་སྐྱུག་པ། མཁྲིས་ནད་ལ་མཁྲིས་ཁུ་སྐྱུག་པ། སྲིན་ནད་ལ་ཁོང་སྲིན་ནར་མོ་སྐྱུག་པ། ཀླད་པའི་ནད་ལ་ཟས་སྐོམ་ཤུགས་དྲག་ཆེན་པོས་སྐྱུག་པ་ནས་ མཇུག་ཏུ་ཆུ་ཚི་ནར་ཅན་སྐྱུག་པ་སོགས་མདོར་ན་ནད་རྐྱེན་དང་སྐྱུགས་པའི་ངོ་བོར་གཞིགས་ནས་དབྱེ་ཞིབ་གཏན་འཁེལ་བྱེད་དགོས།

4 བཅོས་ཐབས།   

སྐྱུགས་ནད་སྤྱི་ལ་སྨན་ཤིང་མངར་དྲུག་པ་དང། ཞི་དྲུག་ཤིང་མངར་བསྣན་པ། ཞི་གསེར། སྨུག་པོ་གཡུལ་རྒྱལ། རུ་རྟ་དྲུག་པ། གསེར་མདོག་ལྔ་པ། ཡང་ན་འབྲས་བཀྲུས་པའི་ཁུ་བར་པུ་ཤེལ་ཙེ་དང། སྦྲང་རྩི་གཉིས་བཏབ་ནས་ཡང་ཡང་གཏོང་བ། གཞན་ཡང་སྐེ་སྟོང་དང་མཚོགས་མའི་སྟེང་དྲོད་དུགས་རྒྱག་པ་དང། ཚབས་ཆེ་བར་སྐེ་སྟོང་དང་ལྷེན་གསང་ལ་མེ་བཙའ་གདབ་པ། དེ་མིན་ནད་རྐྱེན་ལ་གཞིགས་ནས་ནད་གཞི་སོ་སོའི་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་བེད་སྤྱོད་བྱེད་དགོས།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-26

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།