སྤྲ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྲ
སྤྲ་ནི་སྤྲེའུ་དང་ཆེས་ཆེ་བའི་མི་འདྲ་ས་ནི་རྔ་མ་མེད་པ་དེ་ཡིན། ཆ་སྙོམས་ཀྱི་ཚེ་ཚད་ལོ40དང་། གཟུགས་པོའི་རིང་ཚད་ལི་སྨི171~180གཡས་གཡོན་ཡིན། འོ་འཐུང་སྲོག་ཆགས་ཀྱི་རིགས་ཡིན། ཁ་ཟས་གཙོ་བོ་སིལ་ཏོག་གི་རིགས་ཡིན་ལ། གཞན་པ་ཡང་ཟ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
猩猩
ལ་ཏིང་གི་སྐད།
pongo pygmaeus
ཕྱི་ཡིག་གི་མིང་།
Orangutan
ཁམས།
རི་དྭགས།
སྒོ།
སྲོག་ཆགས་ཀྱི་སྒོ།
སྐོར།
སྲོག་ཆགས་ཀྱི་སྐོར།
ཚན།
མི་དྲེད་ཀྱི་ཚན།
རིགས།
འོ་འཐུང་གི་རིགས།
ཁྱབ་ཡུལ།
ཕོ་ལུའོ་གླིང་། སུའུ་མུན་ཏཱ་ཞི་གླིང་ཕྲན།
1 ངོ་སྤྲོད།  

སྤྲ་ནི་སྤྲེའུ་དང་ཆེས་ཆེ་བའི་མི་འདྲ་ས་ནི་རྔ་མ་མེད་པ་དེ་ཡིན། མཱ་ལཱ་ཡ་དང་ཧིན་རྡུའི་མིས“ནགས་ཚལ་ཁྲོད་ཀྱི་མི”ཞེས་བརྗོད། མི་དང་ཧ་ཅང་འདྲ་བར་འདུག མི་དང་འདྲ་བའི་རྒྱུད་རྒྱུའི་ཚད96.4%ལ་སླེབས། བྱ་འགུལ་སྤེལ་བའི་གོམས་གཤིས་ནི་སྒྲས་ཕན་ཚུན་ལ་བརྡ་མི་སྟོན་པར། རྒྱུན་པར་འགའ་རེ་མཉམ་དུ་འཛོམས་ནས་བྱ་འགུལ་སྤེལ་བ་དེ་ཡིན། ཆ་སྙོམས་ཀྱི་ཚེ་ཚད་ལོ40དང་། གཟུགས་པོའི་རིང་ཚད་ལི་སྨི171~180གཡས་གཡོན་ཡིན། འོ་འཐུང་སྲོག་ཆགས་ཀྱི་རིགས་ཡིན།

2 ལུས་པོའི་ཁྱད་ཆོས།

སྤུ་རིང་ལ་ཉུང་བ། སྐྲ་མདོག་དམར་པོ་དང་སྦོམ་པ། ཆུང་དུས་སྤུ་མདོག་ལི་ཁྲི་དང་། ལ་ལ་ནར་སོན་རྗེས་སྤུ་མདོག་ཁམ་པ་ཡང་ན་ཁམ་ནག་ཏུ་འགྱུར། ངོ་གདོང་དམར་པོ་ནས་ནག་པོར་འགྲོ།

སྤྲ་ནི་རྒྱུན་པར་སྤྲ་སྤུ་དམར་ལ་ཟེར་ཞིང་། དེ་ནི་ཡ་གླིང་གི་སྤྲ་ཆེན་གཅིག་པུ་ཡིན། ད་ལྟ་ཕོ་ལུའོ་གླིང་དང་སུའུ་མུན་ཏཱ་ཞི་གླིང་ཕྲན་གྱི་ནགས་ཁྲོད་ན་མ་གཏོགས་མེད།

3 ཁྱབ་ཁོངས།

ཡ་གླིང་གི་སྤྲ་ནི་ཤར་ལྷོའི་གླིང་དང་དབུས་ལྷོའི་གླིང་ཕྲན་ཕྱེད་མར་ཁྱབ་ཡོད་ལ། ད་ལྟ་ཕོ་ལུའོ་གླིང་དང་སུའུ་མུན་ཏཱ་ཞི་གླིང་ཕྲན་གྱི་ནགས་ཁྲོད་ན་མ་གཏོགས་མེད།

ཁོ་ཚོ་ནི་ཚ་རྒྱུད་ས་ཁུལ་དུ་འཚོ་བའི་སྲོག་ཆགས་ཡིན། སུའུ་མུན་ཏཱ་ཞི་གླིང་ཕྲན་དུ་ཕལ་ཆེར་སྤྲ་སྤུ་དམར9000ཙམ་འཚོ་ལ། ཕོ་ལུའོ་གླིང་དུ་སྤྲ་སྤུ་དམར10000~15000འཚོ་གནས་བྱས་ཡོད་ལ། གཙོ་བོ་འགུལ་སྐྱོད་བྱེད་སའི་ས་ཁུལ་བརྒྱད་ཡོད་པ་རེད།

4 རང་གཤིས་ཀྱི་ཁྱད་ཆོས།

1.སྡོང་བོའི་སྟེང་འཚོ་བ།

2.གཅིག་པུ་འགུལ་སྐྱོད་བྱེད་པ།

3.ལག་ཆ་བཀོལ་སྤྱོད་བྱེད་པ།

4.གཟན་འཚོལ་བ།.

5.ལད་མོ་བྱས་ནས་སློབ་སྦྱོང་བྱེད་པ།

6.སྙིང་ཁ་རྡུང་བ།

5 འཚོ་བའི་གོམས་གཤིས།

སྤྲ་ཡི་ཟས་གཙོ་བོ་སིལ་ཏོག་གི་རིགས་ཡིན་པ་དང་། འབུ་རིགས། བྱ་སྒོང་། སྒལ་ཚིགས་སྲོག་ཆགས་ཆུང་བའི་རིགས། སྡོང་བོའི་རིགས། ལོ་མའི་རིགས། སྒལ་མེད་སྲོག་ཆགས་ཀྱི་རིགས། གཏེར་རྫས་འདུས་པའི་འདམ་བག ས་བོན། ཆུ། སྦྲང་རྩི། གྲོག་མ་དཀར་པོའི་རིགས་སོགས་ཀྱང་ཟ་བ་ཡིན།

6 སྐྱེ་འཕེལ།

སྤྲ་ནི་སྐྱེ་འཕེལ་དང་འཚར་ལོངས་བྱུང་ཐག་རིང་བའི་སྲོག་ཆགས་ཤིག་ཡིན། སྤྲ་མོ་ཡི་རིགས་ལོ45གཡས་གཡོན་འཚོ་ཐུབ་ལ། ཚེ་གཅིག་ལ་ཆེས་མང་ན་ཕྲུ་གུ་བཞི་གསོ་སྐྱོང་བྱེད་ཐུབ། འདི་ནི་ཕལ་ཆེར་འོ་འཐུང་སྲོག་ཆགས་ཁྲོད་གྲངས་ཀ་ཆེས་ཉུང་བ་དེ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-25

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།