བཀྲ་ཤིས་རྒྱལ་མཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རིམ་བཞིན་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མང་དུ་མཛད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བཀྲ་ཤིས་རྒྱལ་མཚན།
ལས་རིགས།
ལོ་ཙཱ་བ།
1 ངོ་སྤྲོད།​

སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རིམ་བཞིན་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མང་དུ་མཛད། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་། རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་བ་དཔྱིས་ཕྱིན་པ་མཛད་ནས་བསྟན་བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བར་མཛད།

2 སྒྱུར་རྩོམ་གཙོ་གྲས།

《བསྟན་འགྱུར》ལས་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི《སྲུང་བ་ལྔའི་ཆོ་ག》 རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་བྷ་དྲས་མཛད་པའི《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས》བཅས་བཞུགས་སོ།།

བརྡ་འགྲེལ་གདོང་འཛར།

རིག་གནས། རྒྱལ་ཁབ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-25

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།