ཀློག་སྐྱ་ཤེས་རབ་བརྩེགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུངས་དང་རྒྱ་ཡིག་བཅས་ལ་སློབ་གཉེར་ལེགས་པར་མཛད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཀློག་སྐྱ་ཤེས་རབ་བརྩེགས་པ།
ལས་རིགས།
ལོ་ཙཱ་བ།
1 ​ངོ་སྤྲོད། 

སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུངས་དང་རྒྱ་ཡིག་བཅས་ལ་སློབ་གཉེར་ལེགས་པར་མཛད་ནས། བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར།

2 སྒྱུར་རྩོམ་གཙོ་གྲོས།

《བསྟན་འགྱུར》ལས《སེང་གེ་སྒྲའི་དམ་བཅས་པའི་གཟུངས》།  《བསྟན་འགྱུར》ལས《ཡི་གེ་བདུན་པའི་སྒྲུབ་ཐབས》སླད་ནས་མར་བ་ཆོས་ཀྱི་དབང་ཕྱུགགིས་ཞུས་ཏེ་གཏན་ལ་ཕབ། 《འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ》ཤོ་ལོ་ཀ་ཉིས་སྟོང་ལྔ་བརྒྱ། 《བྱང་ཆུབ་ཀྱི་སེམས་བསྒོམ་པ》 《འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ》 《མཚན་བརྗོད་འགྲེལ་པ་བར་བའི་སྐོར་གསང་ལྡན་གྱི་དཀའ་འགྲེལ་དོན་བསྡུས་སྒྲོན་མ》བཅས་བཞུགས་སོ།།

བརྡ་འགྲེལ་གདོང་འཛར།

རིག་གནས། མི་རིགས། མི་སྣ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-25

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།