ཀྲེ་བོ་ཤེས་རབ་དཔལ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ཤིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་སློབ་གཉེར་མཛད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཀྲེ་བོ་ཤེས་རབ་དཔལ་བ།
ལས་རིགས།
ལོ་ཙཱ་བ།
1 ​ངོ་སྤྲོད།

སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ཤིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་སློབ་གཉེར་མཛད་པ་དང་། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པར་སྦྱངས་ནས་རྒྱ་གཞུང་དུ་མ་བོད་ཡིག་ཏུ་བསྒྱུར་བར་མཛད།

2 སྒྱུར་རྩོམ་གཙོ་གྲས།

《བསྟན་འགྱུར》ལས《སྦྱོར་བའི་ཕྲེང་བ་དང་དབང་གིས་རབ་ཏུ་བྱེད་པ་རྒྱལ་གཏོང་བ་མངོན་རྟོགས་རྒྱན་དང་སྦྱར་བའི་འགྲེལ་པ》 《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད》བཅས་བཞུགས་སོ།

བརྡ་འགྲེལ་གདོང་འཛར།

ལོ་ཙཱ་བ། མི་རིགས། རིག་གནས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-25

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།