ཧའེ་ཙི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧའེ་ཙི།
ཧེ་ཙི། དངོས་མིང་ལ་ཁྲ་ཧའེ་ཧྲིན་ཞེས་འབོད། སྤྱི་ལོ1964ལོའི་ཟླ5བའི་ནང་ཨན་ཧོས་ཞིང་ཆེན་ཧོས་ཉིན་རྫོང་ཀའོ་ཧི་ཁྲ་ཝན་སྡེ་བ་ནས་སྐྱེས། སྤྱི་ལོ1979སྟེ་ལོ15སྟེང་པེ་ཅིང་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་ཏུ་རྒྱུགས་འཕྲོད། སྤྱི་ལོ1983ལོར་སློབ་མཐར་ཕྱིན་རྗེས་པེ་ཅིང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཤེར་རྟོགས་རིག་པ་ཞིབ་འཇུག་ཁང་ནས་ཕྱག་ལས་གནང་། སྤྱི་ལོ1989ལོའི་ཟླ3པའི་ཚེས26ཉིན་ཧུའུ་པེ་ཞིང་ཆེན་ཧྲན་ཧའེ་འགག་གི་མེ་འཁོར་ལྕགས་ལམ་སྟེང་ནས་གན་རྐྱལ་དུ་ཉལ་ཏེ་རང་སྲོག་བཅད། འཐུས་ཚབ་བརྩམས་ཆོས་ལ《ཨ་ཅེ》དང《བཀྲོངས་པ》སོགས་ཡོད།
གཞི་རྩའི་གནས་ཚུལ།

མིང་།
ཧའེ་ཙི།
རྒྱ་ཡིག་གི་མིང།
查海生
དངོས་མིང་།
ཁྲ་ཧའེ་ཧྲིན།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ།
ལས་རིགས།
སྙན་ངག་པ།  དགེ་རྒན།
རྟེན།
ཕོ།
འཐུས་ཚབ་བརྩམས་ཆོས།
《ཨ་ཅེ》《བཀྲོངས་པ》
1 ངོ་སྤྲོད།

ཧེ་ཙི། དངོས་མིང་ལ་ཁྲ་ཧེ་ཧྲིན་ཞེས་འབོད། སྤྱི་ལོ1964ལོའི་ཟླ5བའི་ནང་ཨན་ཧོས་ཞིང་ཆེན་ཧོས་ཉིན་རྫོང་ཀའོ་ཧི་ཁྲ་ཝན་སྡེ་བ་ནས་སྐྱེས། སྤྱི་ལོ1979སྟེ་ལོ15སྟེང་པེ་ཅིང་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་ཏུ་རྒྱུགས་འཕྲོད། སྤྱི་ལོ1983ལོར་སློབ་མཐར་ཕྱིན་རྗེས་པེ་ཅིང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཤེར་རྟོགས་རིག་པ་ཞིབ་འཇུག་ཁང་ནས་ཕྱག་ལས་གནང་།

སྤྱི་ལོ1982ལོ་ནས་སྙན་ངག་གསར་རྩོམ་གྱི་མགོ་བརྩམས་ཤིང་། ལོ་ཁ་ཤས་ཀྱི་ནང་དུ་ཡིག་འབྲུ་ཁྲི200ལ་ཉེ་བའི་སྙན་ངག་དང་བརྩམས་སྒྲུང་། ཟློས་གར། དཔྱད་རྩོམ་སོགས་མཛད་ཡོད། དེ་དག་ལས་བརྩམས་ཆོས་གཙོ་གྲས་དག་ནི་སྙན་ངག་རིང་མོ《ཡིན་ནའང་ཆུ། ཆུ》དང《ས་གཞི》 སྙན་ཚིག་ཟློས་གར《ཉི་མ》(བརྩམས་ཚར་མེད) མཉམ་ལེན་ཟློས་གར་དང་པོ《མེ་སེ་ཡ》 རྩོམ་འཕྲོར་ལུས་ཡོད་པའི་མཉམ་ལེན་ཟློས་གར་གཉིས་པ། སྙན་ངག་རིང་མོ 《ཏ་ཀྲ་ས》(བརྩམས་ཚར་མེད) གཏམ་བརྗོད་ཟློས་གར《བཀྲོངས་པ》སོགས་ལས་གཞན། དུངས་བརྗོད་སྙན་ངག་ཐུང་ངུ200ལ་ཉེ་བ་ཡོད།

སྤྱི་ལོ1989ལོའི་ཟླ3པའི་ཚེས26ཉིན་ཧུའུ་པེ་ཞིང་ཆེན་ཧྲན་ཧའེ་འགག་གི་མེ་འཁོར་ལྕགས་ལམ་སྟེང་ནས་གན་རྐྱལ་དུ་ཉལ་ཏེ་རང་སྲོག་བཅད།  དེ་དུས་ལོ25ཡིན།

2 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1964ལོའིཟླ2བའི་ཚེས་ཉིན(ལུགས་རྙིང་གི་ཟླ3པའི་ཚེས24ཉིན)ཨན་ཧོས་ཞིང་ཆེན་ཧོས་ཉིན་རྫོང་ཀའོ་ཧི་ཁྲ་ཝན་སྡེ་བ་ནས་སྐྱེས།  ཞིང་གྲོང་ནས་འཚར་ལོངས་བྱུང་།

སྤྱི་ལོ1969ལོར་ཁྲ་ཝན་སྡེ་བའི་སློབ་ཆུང་ལ་ཞུགས།

སྤྱི་ལོ1974ལོར་ཀོ་ཧི་སློབ་འབྲིང་ནས་སློབ་གཉེར་བྱས།

སྤྱི་ལོ1979ལོར་སྟེ་ལོ་བཅོ་ལྔའི་སྟེང་པེ་ཅིང་སློབ་ཆེན་ཁྲིམས་ལུགས་སྡེ་ཁག་ལ་རྒྱུགས་འཕྲོད།

སྤྱི་ལོ1981ལོར་ལུའུ་ཡིས་ཧི་ངོ་ཤེས།

སྤྱི་ལོ1982ལོར་ནས་བཟུང་སྟེ་སློབ་ཆེན་སྐབས་སུ་སྙན་ངག་གསར་རྩོམ་བྱེད་འགོ་བརྩམས།

སྤྱི་ལོ1983ལོར་སློབ་མཐར་ཕྱིན་རྗེས་པེ་ཅིང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་སློབ་རའི་རྩོམ་སྒྲིག་པའི་ཕྱག་ལས་གནང་།  ལོ་དེར་ཤིས་ཁྲོན་ངོ་ཤེས།

སྤྱི་ལོ1984ལོར་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཤེར་རྟོགས་རིག་པ་ཞིབ་འཇུག་ཁང་དུ་མཛེས་རིག་དགེ་རྒན་བྱས།

སྤྱི་ལོ1985ལོར་ཧའེ་ཙི་ཞེས་པའི་སྨྱུག་མིང་སྤྱད་ནས《ཨེ་ཤ་ཡའི་ཟངས》ཞེས་པའི་སྙན་ངག་བརྩམས།

སྤྱི་ལོ1986ལོར་ནང་སོག་དང་མཚོ་སྔོན།  ལྷ་ས་བཅས་ལ་འཁྱམས།

སྤྱི་ལོ1988ལོར་ཡང་བསྐྱར་མཚོ་སྔོན་དང་ལྷ་ས་སོགས་སུ་འཁྱམས།

སྤྱི་ལོ1989ལོའི་སྤྱི་ཟླ3པའི་ཚེས26ཉིན་ཧུའུ་པེ་ཞིང་ཆེན་ཧྲན་ཧའེ་འགག་གི་མེ་འཁོར་ལྕགས་ལམ་སྟེང་ནས་གན་རྐྱལ་དུ་ཉལ་ཏེ་རང་སྲོག་བཅད།

3 འཐུས་ཚབ་བརྩམས་ཆོས།

《ཨེ་ཤ་ཡའི་ཟངས》དང《ཨ་ཅེ》《སྟོན་མཇུག》དང《བཀྲོངས་པ》《ཧའེ་ཙིའི་སྙན་ངག་ཕྱོགས་བསྒྲིགས》དང《མི་རིང་བར་བདུན་པ་ཚེས་འགྲོ》སོགས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།