རྒྱལ་ཏོག་ནོར་བུ་རྒྱལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཏོག་ནོར་བུ་རྒྱལ།
ལུས་རྩལ་པ་ཞིག་ཡིན་ཏེ། ཁོང་ནི་སྤྱི་ལོ1994ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་རྫོང་འབྲུ་གུ་ཡུལ་ཚོའི་སྟོང་ཤུལ་སྡེ་བར་སྐྱེས་པ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྒྱལ་ཏོག་ནོར་བུ་རྒྱལ།
སྐྱེས་ལོ།
སྤྱི་ལོ1994ལོ།
སྐྱེས་ཡུལ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་རྫོང་འབྲུ་གུ་ཡུལ་ཚོའི་སྟོང་ཤུལ་སྡེ་བ།
རིགས་དབྱེ།
ལུས་རྩལ་པ།
1 ངོ་སྤྲོད།

རྒྱལ་ཏོག་ནོར་བུ་རྒྱལ་ནི་སྤྱི་ལོ1994ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་རྫོང་འབྲུ་གུ་ཞང་སྟོང་ཤུལ་སྡེ་བར་སྐྱེས་པ་དང་། བྱིས་དུས་ཀྱི་ལོ་ཟླ་ནི་ནོར་ལུག་དང་ལྷན་དུ་བསྐྱལ་བ་ཞིག་ཡིན། ཁོ་རང་ཆུང་དུས་ནས་རི་ཁུལ་དུ་ཡར་རྒྱུག་མར་རྒྱུག་བྱེད་པར་དགའ་ཞིང་། ལུག་ཁྱུ་དེད་ནས་སྐྱིད་པོ་གཏོང་རྒྱུར་དགའ། མཐོ་འབྲིང་ལ་སླེབས་པའི་སྐབས་ཤིག་ལ། རྒྱལ་ཏོག་ནོར་བུ་རྒྱལ་སློབ་གྲོགས་ཚོ་དང་མཉམ་དུ་རྩེད་མོའི་ཚུལ་གྱིས་རྫོང་མཁར་དུ་སྤེལ་བའི་གྲོང་ཁྱེར་སྐོར་རྒྱུག་འགྲན་སྡུར་ལ་ཞུགས་ནས་དེ་རུ་ལས་སླ་མོའི་སྒོ་ནས་ཨང་དང་པོ་བླངས།

2 བྱིས་དུས་ཀྱི་འཚོ་བ།

དམའ་འབྲིང་འགྲིམས་དུས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པ་དང་། མཐོ་འབྲིང་མཐར་ཕྱིན་རྗེས་ཁོས་ཙུན་དབྱི་དགེ་ཐོན་སློབ་གླིང་དུ་རྒྱུགས་འཕྲོད་སོང་ལ། གོ་ཐོས་སུ་སློབ་གྲྭའི་ལུས་རྩལ་འགྲན་བསྡུར་ལ་ཞུགས་པ་དང་ཟིན་ཐོ་གསར་བ་བརྒལ་སོང་བས། རྒྱུག་རྩལ་ལ་སྤྲོ་བ་ཆེན་པོ་སྐྱེ་ནས་འགྲན་བསྡུར་གང་མང་ཞིག་གི་ནང་དུ་ཞུགས་པར་མ་ཟད། ད་དུང་བྱ་དགའི་བུམ་པ་དང་གཟེངས་བསྟོད་རྟགས་མ། གཟི་བརྗིད་དཔང་ཡིག་ཀྱང་འགའ་ཤས་བླངས་ཡོད།

3 མཛད་རྗེས།

རྒྱལ་ཏོག་ནོར་བུ་རྒྱལ་ཚང་གི་འགྲུལ་ཁང་གི་གྱང་ངོས་སུ་ཁོ་རང་འགྲན་བསྡུར་ལ་ཞུགས་ནས་ཐོབ་པའི་གཟེངས་བསྟོད་རྟགས་མ37ལྷག་ཙམ་བཀལ་ཡོད་པ་དང་། སྤྱི་ལོ2016ལོ་ནས་སྤྱི་ལོ2017ལོའི་བར་གྱི་ལོ་གཉིས་ཙམ་གྱི་དུས་ཚོད་ནང་། ཁོ་སྔ་ཕྱིར་ཁྱོན་བསྡོམས་ཐེངས80ལྷག་ཙམ་གྱི་འགྲན་བསྡུར་ལ་ཞུགས་པ་དང་ཨང་དང་བོའི་རྟགས་མ50བླངས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-23

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།