བོད་དར་ཚད་མ་རིག་པའི་བྱུང་འཕེལ་དང་དེའི་རིགས་ལམ་འགའ་བཤད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་དར་ཚད་མ་རིག་པའི་བྱུང་འཕེལ་དང་དེའི་རིགས་ལམ་འགའ་བཤད་པ།
《བོད་དར་ཚད་མ་རིག་པའི་བྱུང་འཕེལ་སྐོར་དང་དེའི་རིགས་ལམ་འགའ་བཤད་པ།》ནི་རེབ་གོང་པ་འཇིགས་མེད་བསམ་གྲུབ་ཀྱིས་བརྩམས། རྩོམ་པ་པོས་ཐོག་མར་རྒྱ་གར་ནས་ཚད་མ་རིག་པ་ཇི་ལྟར་དར་བ་དང་དེ་ལ་ལུགས་གང་ཡོད་པ། ལུགས་སོ་སོར་གྲུབ་མཐའ་གང་དག་ཡོད་པ། དེ་དག་གི་ཁྱད་ཆོས་སོགས་ཞིབ་པར་བརྗོད་ནས། བོད་དུ་དར་བའི་ཚད་མ་དེ་ལུགས་གང་ཡིན་པ་དང་། བོད་དུ་དུས་རབས་ནམ་ཞིག་ལ་དར་བ་དང་། འཕེལ་རྒྱུས་སུ་ཕྱིན་པ། དུས་རབས་མི་འདྲ་བའི་ལོ་རྒྱུས་དང་འགྱུར་བ། དུས་རབས་སོ་སོ་ལ་དར་སྤེལ་གཏོང་མཁན་མཚོན་ཚུལ་རང་བཞིན་ཅན་གང་དག་བྱུང་བ། དབུས་གཙང་དང་མདོ་སྨད་དུ་འཆད་ཉན་གྱི་སྡེ་ག་འདྲ་བྱུང་བ། བོད་རང་གི་མཁས་པས་བརྩམས་པ་དང་རྒྱ་གར་ནས་འགྱུར་བའི་ཚད་མ་རིག་པའི་གཞུང་ལུགས། ཚད་མའི་གཞུང་ལ་སྦྱངས་དགོས་པའི་དགོས་པ། ཚད་མ་རིག་པའི་གཞུང་ལུགས་འདི་ཕྱི་ནང་ཐུན་མོང་རིག་གནས་ཡིན་མིན། བོད་དུ་ཚད་མ་རིག་པའི་གཞུང་དོན་འགའ་བཤད་པ་སོགས་ཞིབ་པར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་དཔེ་མིང་།
《བོད་དར་ཚད་མ་རིག་པའི་བྱུང་འཕེལ་སྐོར་དང་དེའི་རིགས་ལམ་འགའ་བཤད་པ།》
རྒྱ་ཡིག་གི་དཔེ་མིང་།
《藏传因明源流及其理论研究》
རྩོམ་པ་པོ།
འཇིགས་མེད་བསམ་གྲུབ།
རྒྱ་ཡིག་གི་མིང་།
吉美桑珠
ཕ་ཡུལ།
རེབ་གོང་ཧོར་སྙན་བཟང་ཁྱུང་བོ་གྲོང་ཚོ།
དཔེ་སྐྲུན་ཁང་།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ་ཚིགས།
སྤྱི་ལོ2016ལོའི་ཟླ12པ།
1 རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

འཇིགས་མེད་བསམ་གྲུབ། སྤྱི་ལོ1957ལོར་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཧོར་སྙན་བཟང་ཁྱུང་བོ་གྲོང་ཚོར་སྐྱེས། སྤྱི་ལོ1973ལོར་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་འབྲིང་རིམ་མཐར་ཕྱིན། སྤྱི་ལོ1978ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ཞུགས་ཏེ་སུམ་རྟགས་དག་གསུམ་དང་སྙན་ངག གནའ་དེང་གི་རྩོམ་རིག་སོགས་ལ་སྦྱངས་ཤིང་། ལྷག་པར་དུ་དགེ་བའི་བཤེས་གཉེན་རྗེ་ཤར་གདོང་རིན་པོ་ཆེའི་ཞལ་སྔ་ནས་ལམ་རིམ་ཆེ་ཆུང་དང་སྤྱོད་འཇུག ལམ་གཙོ་རྣམ་གསུམ་སོགས་གཞུང་གང་མང་མང་ལ་སྦྱངས། སྤྱི་ལོ1981ལོར་རེབ་གོང་རོང་བོ་དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་ལ་ཞུགས་ཏེ་སློབ་གཉེར་བྱས། སྤྱི་ལོ1987ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་གནའ་རྩོམ་དཔེ་སྒྲིག་གི་ལས་ལ་ཞུགས། སྤྱི་ལོ1989ལོ་ནས་སྤྱི་ལོ1990ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཁག་ཏུ་སློབ་གཉེར་བྱས། སྤྱི་ལོ1991ལོ་ནས་ད་ལྟའི་བར་བོད་ཀྱི་ཆོས་ལུགས་དང་ལོ་རྒྱུས་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱས། སྤྱི་ལོ1997ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཚན་རིག་ཞིབ་འཇུག་སློབ་གླིང་དུ་སློབ་གཉེར་གྱིས་རབ་འབྱམས་པའི་ཐོབ་ཐང་བླངས། སྤྱི་ལོ2000ལོར་པེ་ཅིང་ཕྱི་རྒྱལ་པའི་སྐད་ཡིག་སློབ་གྲྭ་ཆེན་མོ་དང་། པེ་ཅིང་ཕྱི་ཕྱོགས་དཔལ་འབྱོར་ཚོང་ལས་སློབ་གྲྭ་ཆེན་མོ་གཉིས་སུ་དབྱིན་ཡིག་སྦྱངས།

བརྩམས་ཆོས་ལ《ཚད་མའི་འབྱུང་ཁུངས་གཞུང་དོན་གསལ་བཤད།》དང《རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ།》《མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ནང་ཚན་སེང་གེ་གཤོང་གི་མེས་པོ་རྣམས་ཀྱི་མཆེད་ཁུངས་དང་དེའི་བཟོ་རྩལ་བཅས་གསལ་བར་བཤད་པ་གངས་རིའི་ཆུ་རྒྱུན།》《མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ལོ་རྒྱུས་རྒྱས་པར་བཤད་པ་ངོ་མཚར་གཏམ་གྱི་བང་མཛོད།》《བོད་དར་ཚད་མ་རིག་པའི་བྱུང་འཕེལ་དང་དེའི་རིགས་ལམ་འགའ་བཤད་པ།》 གཞན་དང་མཉམ་འབྲེལ་གྱིས་བརྩམས་པ《ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་།》《ཀྲུང་གོའི་བོད་བརྒྱུད་ནང་བསྟན་གསེར་ཟངས་སྐུ་བརྙན་སྒྱུ་རྩལ།》 དཔྱད་རྩོམ་ལ《བཀའ་གདམས་པའི་གྲུབ་མཐའི་འབྱུང་ཁུངས་དང་དེའི་ཁྱད་ཆོས་སྐོར་ལ་རགས་ཙམ་དཔྱད་པ།》《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་གི་དཀའ་གནས་དང་དོགས་སློང་འགར་དཔྱད་པ།》སོགས་ཡོད།

2 ནང་དོན་ངོ་སྤྲོད།

དེབ་འདིར་རྩོམ་པ་པོས་ཆོས་མགོ་རྒྱ་གར་དང་ཆུ་མགོ་གངས་ཞེས་པ་བཞིན་ཐོག་མར་རྒྱ་གར་ནས་ཚད་མ་རིག་པ་ཇི་ལྟར་དར་བ་དང་དེ་ལ་ལུགས་གང་ཡོད་པ། ལུགས་སོ་སོར་གྲུབ་མཐའ་གང་དག་ཡོད་པ། དེ་དག་གི་ཁྱད་ཆོས་སོགས་ཞིབ་པར་བརྗོད་ནས། བོད་དུ་དར་བའི་ཚད་མ་དེ་ལུགས་གང་ཡིན་པ་དང་། བོད་དུ་དུས་རབས་ནམ་ཞིག་ལ་དར་བ་དང་། འཕེལ་རྒྱུས་སུ་ཕྱིན་པ། དུས་རབས་མི་འདྲ་བའི་ལོ་རྒྱུས་དང་འགྱུར་བ། དུས་རབས་སོ་སོ་ལ་དར་སྤེལ་གཏོང་མཁན་མཚོན་ཚུལ་རང་བཞིན་ཅན་གང་དག་བྱུང་བ། དབུས་གཙང་དང་མདོ་སྨད་དུ་འཆད་ཉན་གྱི་སྡེ་ག་འདྲ་བྱུང་བ། བོད་རང་གི་མཁས་པས་བརྩམས་པ་དང་རྒྱ་གར་ནས་འགྱུར་བའི་ཚད་མ་རིག་པའི་གཞུང་ལུགས། ཚད་མའི་གཞུང་ལ་སྦྱངས་དགོས་པའི་དགོས་པ། ཚད་མ་རིག་པའི་གཞུང་ལུགས་འདི་ཕྱི་ནང་ཐུན་མོང་རིག་གནས་ཡིན་མིན། བོད་དུ་ཚད་མ་རིག་པའི་གཞུང་དོན་འགའ་བཤད་པ་སོགས་ཞིབ་པར་བསྟན་ཡོད།

3 དཀར་ཆག

ལེའུ་དང་པོ། རྒྱ་གར་དུ་ཕྱི་ནང་གཉིས་ལ་ཚད་མ་རིག་པ་ཇི་ལྟར་དར་ཚུལ་བཤད་པ།

ལེའུ་གཉིས་པ། བོད་གངས་ཅན་གྱི་ཡུལ་དུ་དུས་རབས་བརྒྱད་པའི་སྐབས་སུ་ཚད་མ་རིག་པ་དར་ཚུལ།

ལེའུ་གསུམ་པ། དུས་རབས་བཅུ་གཅིག་པའི་ནང་བོད་དུ་ཚད་མ་རིག་པ་དར་ཚུལ།

ལེའུ་བཞི་པ། དུས་རབས་བཅུ་བཞི་པའི་ནང་བོད་དུ་ཚད་མ་རིག་པ་དར་ཚུལ།

ལེའུ་ལྔ་པ། བོད་དར་ཚད་མ་རིག་པའི་གཞུང་དོན་འགའ་བཤད་པ།

བརྡ་འགྲེལ་གདོང་འཛར།

ཚད་མ། རིགས་ལམ། བྱུང་འཕེལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-24

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།