ཕྱཱ་བ་ཆོས་ཀྱི་སེང་གེ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་སྤྱི་ལོ(1109—1169)བར་ལ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ལ་མོ་ཆུས་ཁོངས་སུ་སྐུ་བལྟམས་ཤིང་། གསང་ཕུའི་མཁན་རབས་དྲུག་པ་ཡིན་པ་དང་། གསུང་རྩོམ་སྐོར་ལ། 《བྱམས་ཆོས་སྡེ་ལྔའི་འགྲེལ་བ》《ཚད་མ་རྣམ་ངེས་ཀྱི་འགྲེལ་བ》《ཚད་མ་ཡིད་ཀྱི་མུན་སེལ》《ཤེས་བྱ་གཞི་ལྔའི་རྣམ་གཞག》 (རྒྱས་བསྡུས་གཉིས)《དབུ་མ་བདེན་གཉིས་ཀྱི་འགྲེལ་བ》《དབུ་མ་སྣང་བའི་འགྲེལ་བ》《སྤྱོད་འཇུག་ཆེན་མོའི་འགྲེལ་བ》《ཕྱི་ནང་གི་གྲུབ་མཐའི་བསྡུས་པ》སོགས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཕྱཱ་བ་ཆོས་ཀྱི་སེང་གེ
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1109—1169)ལོ།
འཁྲུངས་ཡུལ།
ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ལ་མོ་ཆུས་ཁོངས།
རིགས་དབྱེ།
སློབ་གསོ་བ།
1 ངོ་སྤྲོད།

ཕྱཱ་བ་ཆོས་ཀྱི་སེང་གེ་ནི་སྤྱི་ལོ(1109—1169)བར་ལ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ལ་མོ་ཆུས་ཁོངས་སུ་སྐུ་བལྟམས། ཁོང་གཞོན་དུས་ནས་བློ་རིག་ཤིན་ཏུ་གསལ་ཞིང་མགུར་མ་སྣ་ཚོགས་ཐུགས་ཐོག་ནས་གསུང་ཐུབ་མཁན་ཞིག་ཡིན་པས། དགེ་བཤེས་རྒྱ་དམར་བས་རང་གི་ཞབས་ཕྱིར་ཁྲིད་ནས་ཁོང་གི་མདུན་ནས《ཚད་མ》དང《དབུ་མ》གསན་སྦྱོང་གནང་། ཞང་ཚེ་སྤོང་ཆོས་ཀྱི་བླ་མའི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་ཆོས་ཀྱི་སེང་གེ་གསོལ། ཞང་ཚེ་སྤོང་དང་ཁོང་གི་སློབ་མ་ཉང་བྲན་ཆོས་ཀྱི་ཡེ་ཤེས་གཉིས་ཀྱི་དྲུང་དུ《ཕར་ཕྱིན》དང《སྤྱོད་ཕྱོགས་སྐོར》གསན། སྐབས་དེར་གསང་ཕུ་རུ《དབུ་མ》དང《ཚད་མ》ལ་ཤིན་ཏུ་མཁས་པའི་གྲགས་པ་རྒྱས། རྗེས་སུ་གསང་ཕུའི་མཁན་པོ་མཛད་ནས་ལོ་བཅོ་བརྒྱད་ཀྱི་བར་དུ་གདན་ས་བསྐྱངས་ཤིང་། ཁོང་ནི་གསང་ཕུའི་མཁན་རབས་དྲུག་པ་ཡིན།

2 སློབ་མ།

ཁོང་གི་སྐུ་ཚེ་གང་བོར་སློབ་གཉེར་དང་སློབ་ཁྲིད་ཁྲོད་དུས་འདས་ཤིང་། གསུང་ལས་སྐྱེས་པའི་སློབ་མ་ཤིན་ཏུ་མང་ལ། དེའི་ཁྲོད་སྐད་གྲགས་དང་ཤུགས་རྐྱེན་ཆེ་བའི་སློབ་མ་ནི་རིགས་པའི་དབང་ཕྱུག་སེང་ཆེན་བརྒྱད་ཅེས་གྲགས་པ་བྱུང་། དེ་དག་ནི་གཙང་ནག་པ་བརྩོན་འགྲུས་སེང་གེ། དར་བག་སྨྲ་བའི་སེང་གེ། བྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩེགས་དབང་ཕྱུག་སེང་གེ།  ཉང་བྲན་ཆོས་ཀྱི་སེང་གེ།  འདན་མ་དཀོན་མཆོག་སེང་གེ།  གཉལ་བ་ཡོན་ཏན་སེང་གེ་བཅས་ཡིན།

3 ​གསུང་རྩོམ།

གསུང་རྩོམ་སྐོར་ལ། 《བྱམས་ཆོས་སྡེ་ལྔའི་འགྲེལ་བ》《ཚད་མ་རྣམ་ངེས་ཀྱི་འགྲེལ་བ》《ཚད་མ་ཡིད་ཀྱི་མུན་སེལ》《ཤེས་བྱ་གཞི་ལྔའི་རྣམ་གཞག》 (རྒྱས་བསྡུས་གཉིས)《དབུ་མ་བདེན་གཉིས་ཀྱི་འགྲེལ་བ》《དབུ་མ་སྣང་བའི་འགྲེལ་བ》《སྤྱོད་འཇུག་ཆེན་མོའི་འགྲེལ་བ》《ཕྱི་ནང་གི་གྲུབ་མཐའི་བསྡུས་པ》སོགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-22

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།