གཏེར་ལུང་རྙེད་མ་ལྷ་རི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཏེར་ལུང་རྙེད་མ་ལྷ་རི་ནི་བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གི་ནུབ་བྱང་སྤྱི་ལེ58ཙམ་གྱི་སར་ཡོད། དེའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3500ཡོད། དེ་ནི་རིག་འཛིན་འཇའ་ཚོན་སྙིང་པོ་མཆོག་གིས་སྤྱི་ལོ1600ལོའི་ཡས་མས་ལ་གནས་སྒོ་ཕྱེ་བ་ཡིན། རྙེད་མ་ལྷ་རི་ཞེས་པའི་མིང་ནི་བཤད་སྲོལ་ལ་སྔོན་རིག་འཛིན་འཇའ་ཚོན་སྙིང་པོ་མཆོག་གནས་རི་འཚོལ་བར་ཕེབས་སྐབས། ལུང་བསྟན་སྤང་ཁར་མ་མཁའ་འགྲོའི་ལུང་བསྟན་དུ། མཛེས་རོང་ལུང་པའི་གནས་རི་གཉིས་གའུ་ཁ་སྦྱར་ལྟ་བུ་ཡིན་ཞེས་གསུངས། དེ་ནས་མཁའ་འགྲོའི་ལུང་བསྟན་ལྟར་གཏེར་ལུང་ཕུ་ལ་གནས་རི་འཚོལ་བར་ཕེབས་པ་དང་། ཡ་མཚན་ཅན་གྱི་བྲག་སོགས་མཇལ་རྒྱུ་བྱུང་བས་ལྷ་རིག་སོང་ཟེར་ནས་གནས་དེའི་མིང་ལ་རྙེད་མ་ལྷ་རི་ཞེས་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
堆龙尼玛拉日
ཁོངས་གཏོགས།
གནས་རི།
གནས་ཡུལ།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གི་ནུབ་བྱང་སྤྱི་ལེ58ཙམ་གྱི་སར་ཡོད།
མཚོ་འཕགས།
སྨི3500ཡོད།
1 ངོ་སྤྲོད།

གཏེར་ལུང་རྙེད་མ་ལྷ་རི་ནི་བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གི་ནུབ་བྱང་སྤྱི་ལེ58ཙམ་གྱི་སར་ཡོད། དེའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3500ཡོད། དེ་ནི་རིག་འཛིན་འཇའ་ཚོན་སྙིང་པོ་མཆོག་གིས་སྤྱི་ལོ1600ལོའི་ཡས་མས་ལ་གནས་སྒོ་ཕྱེ་བ་ཡིན། རྙེད་མ་ལྷ་རི་ཞེས་པའི་མིང་ནི་བཤད་སྲོལ་ལ་སྔོན་རིག་འཛིན་འཇའ་ཚོན་སྙིང་པོ་མཆོག་གནས་རི་འཚོལ་བར་ཕེབས་སྐབས། ལུང་བསྟན་སྤང་ཁར་མ་མཁའ་འགྲོའི་ལུང་བསྟན་དུ། མཛེས་རོང་ལུང་པའི་གནས་རི་གཉིས་གའུ་ཁ་སྦྱར་ལྟ་བུ་ཡིན་ཞེས་གསུངས། དེ་ནས་མཁའ་འགྲོའི་ལུང་བསྟན་ལྟར་གཏེར་ལུང་ཕུ་ལ་གནས་རི་འཚོལ་བར་ཕེབས་པ་དང་། ཡ་མཚན་ཅན་གྱི་བྲག་སོགས་མཇལ་རྒྱུ་བྱུང་བས་ལྷ་རིག་སོང་ཟེར་ནས་གནས་དེའི་མིང་ལ་རྙེད་མ་ལྷ་རི་ཞེས་གྲགས། གནས་སྒོའི་སྒོ་སྲུང་དང་པོ་ནི་བྱང་རྩལ་ལེགས(བཙན་གྱི་མིང)ཟེར་བའི་བྲག་ཅིག(གནས་བདག)ཡོད། དེའི་འགྲམ་དུ་བསང་གཏོང་བ་དང་། དར་ལྕོག་འཛུགས་པ་སོགས་བྱེད། སྒོ་སྲུང་གཉིས་པ་ནི་བྲག་དཀར་མིག་ནག་ཟེར་བ་ཞིག་ཡོད། ཙ་རིའི་གནས་དེ་ཐོག་མར་ས་དེར་ཆགས་སྐབས། བྲག་དེའི་ཐོག་བྲག་གི་སྐས་ཤིག་ཡོད། རྗེས་སུ་བྲག་གི་སྐས་དེ་མགོ་མཇུག་ཟློག་པས་གནས་རི་གནས་སྤོས་བྱས་པ་ཡིན་ཞེས་བཤད་སྲོལ་ཡོད། རྙེད་མོ་ལྷ་རི་ཞེས་པ་དེ་ཡང་བྲག་རི་ཆེན་པོ་ཞིག་གི་འོག་ཏུ་སྒྲུབ་ཁང་སྟེང་འོག་གཉིས་སུ་བྱས་པ་ཞིག་ཡིན། སྟེང་གི་མཚམས་ཁང་དེ་ཅུང་ཆེ་བ་ཡོད། ཁ་ཕྱོགས་མཛེས་རོང་ལ་གཏད་ཡོད། མཚམས་ཁང་གི་མཐའ་བཞི་ལ་སྐོར་བ་རྒྱག་ས་ཡོད་ལ་བྲག་རིའི་རྒྱབ་ཏུ་བྲག་བརྐོས་ཀྱི་ཚེ་དཔག་མེད་དང་། འོད་དཔག་མེད་ཀྱི་སྐུ་བརྙན་མཇལ་རྒྱུ་ཡོད། འོག་གི་མཚམས་ཁང་དེ་ཅུང་ཆུང་བ་ཡོད། དེའི་ནང་འཛུལ་ས་ཡོད་པས་དེ་ནི་དམྱལ་ཁམས་འཚོལ་བར་འགྲོ་ལམ་ཡིན་ཞེས་བཤད་སྲོལ་ཡོད། སྒྲུབ་ཁང་དེའི་ཁ་སྤྲོད་དུ་རི་བོ་ཞིག་ཡོད་པ་དེའི་མིང་ལ་ལྷ་ཤིང་འབར་མ་ཟེར་བ་དང་། རྙེད་མོ་ལྷ་རིའི་སྲུང་མ་ཡིན་པར་གྲགས། ལྷ་རིའི་རི་གཤམ་དུ་གནའ་སྔ་མོར་མཆོད་རྟེན་གསུམ་ཡོད། ད་ལྟ་ཉམས་རྒུད་དུ་སོང་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-22

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།