ལ་ལ་ཕུད། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ལ་ལ་ཕུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(གསོ་རིག )

སྔོ་སྨན་གྱི་རིགས་ཤིག་ཡིན་ཏེ། རྒྱ་གར་ནག་གི་ཡུལ་ཕལ་མོ་ཆེར་འདེབས་འཛུགས་བྱེད་ཀྱི་ཡོད་ལ་འབྲས་སུ་ཁམ་སེར་ཉིས་སྦྱར་འདོགས་པ་སྔོ་དབྱིབས་ཕལ་ཆེར་གོ་སྙོད་དང་འདྲ་བའི་སྨན་རྫས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ལ་ལ་ཕུད།
རིགས་དབྱེ།
སྔོ་སྨན།
རོ།
མངར་ཁ།
1 མིང་གི་རྣམ་གྲངས།

ནན་ཡང་། ཨ་གྣི་ཏི་པ། མེའི་སྒྲོམ་བུ། ཨ་ཛ་མོ། ཨ་ཛ་ཝན། ལུག་དགའ། ཨུ་གྲ་གནྔྷ། དྲག་ཤུལ་དྲི། བྲ་ཧྨ་གརྦྷ། ཚངས་པའི་སྙིང་པོ། ཡམ་ནཱི་ཀ། ཡོལ་བ་ཅན། གོ་སྙོད་དཀར་པོ།

2 དབྱེ་བ།

སྐྱེ་གནས་ཀྱི་དབང་གིས་རིགས་དྲུག

3 ངོས་འཛིན།

དེང་དུས་རྒྱ་ནག་གི་ཡུལ་ཕལ་མོ་ཆེ་བར་འདེབས་འཛུགས་བྱེད་ཀྱི་ཡོད་ལ་འབྲས་སུ་ཁམ་སེར་ཉིས་སྦྱར་འདོགས་པ་སྔོ་དབྱིབས་ཕལ་ཆེར་གོ་སྙོད་འདྲ་བ་བྱུང་། ཤེལ་ཕྲེང་དུ། འབྲས་བུ་ཟི་ར་འདྲ་བ་ལ་ལེབ་མོ་སུལ་རིས་ཅན་དབྱིབས་སྒུར་བས་ཟླ་ཚེས་ལྟ་བུ་མཆུ་སྙུང་བ་ཆེ་ཆུང་རྒྱ་ཏིལ་གྱི་འབྲུ་ཙམ་རོ་ཚ་ལ་དྲི་མ་ཤིན་ཏུ་ཆེ་བ་ཡིན། ཞེས་གསུངས།

4 སྐྱེ་གནས།

རྒྱ་གར་ནག་གི་ཡུལ་ཕལ་མོ་ཆེར་འདེབས་འཛུགས་བྱེད་ཀྱི་ཡོད།

5 བཏུ་དུས་དང་སྦྱར་བྱ།

སྤྱི་ཟླ9-22པར་འབྲས་བུ་བཏུས་ནས་དྲོད་སྐམ་བྱ།

6 རོ་དང་ངོ་བོ།

རོ་མངར་ཚ་ངོ་བོ་དྲོད།

7 ཕན་ནུས།

ཕོ་བའི་གྲང་ནད་དང་སྦོས་པ། ཟུག་གཟེར་བཅས་འཇོམས།


བརྡ་འགྲེལ་གདོང་འཛར།

ལ་ལ་ཕུད། མངར་ཁ། སྔོ་སྨན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-24

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།