སྐད་འཕྲིན་གྱི་འཛེམ་བྱ་བཅུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐད་འཕྲིན་གྱི་འཛེམ་བྱ་བཅུ།
འདིར་སྐད་འཕྲིན་གྱི་འཛེམ་བྱ་བཅུ་སྟེ། མ་རབས་ཐ་ཤལ་གྱི་བྱ་སྤྱོད་དང་གཞན་ལ་དམོད་བོར་བ། གཞན་གྱི་གསང་བ་ཕྱིར་བརྟོལ་བ་སོགས་རེ་རེ་བཞིན་བཀོད་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སྐད་འཕྲིན་གྱི་འཛེམ་བྱ་བཅུ།
ཁོངས་གཏོགས།
ཆ་འཕྲིན།
1 ​ངོ་སྤྲོད།

1.ཆབ་སྲིད་ཀྱི་ཤུགས་ཐལ་དྲགས་པའི་ནང་དོན་དང་པར་རིས་བསྐུར་ན་དོན་མེད་ཀྱི་རྙོག་དྲ་དང་རྩོད་གཞིར་ཚུད་སླ་བས་དེ་ནི་འཛེམ་བྱ་དང་པོ་ཡིན། 

2.འཇིག་རྟེན་གྱི་ལུགས་དང་མི་མཐུན་པའི་མ་རབས་ཐ་ཤལ་བའི་ནང་དོན་དང་པར་རིས་བསྐུར་ན་རང་ཉིད་མི་ག་འདྲ་བ་ཞིག་ཡིན་པའི་མཚང་དེ་ཕ་རོལ་བས་ཤུགས་ནས་རྟོགས་སྲིད་པས་དེ་ནི་འཛེམ་བྱ་གཉིས་པ་ཡིན།

3.རང་ཉིད་ཀྱི་བརྩམས་ཆོས་གང་སར་བརྒྱུད་སྤེལ་བྱ་ཕྱིར་དུ་རྩོམ་འདི་བརྒྱུད་སྤེལ་བྱས་ན་བསམ་དོན་ལྷུན་གྱིས་འགྲུབ་ཅིང་འདོད་ཡོན་ལོངས་སྤྱོད་འཕེལ་ངེས་པ་དང་། བརྒྱུད་སྤེལ་མ་བྱས་ན་འབྲས་བུ་འདི་འདྲ་འབྱུང་ངེས་ཞེས་བཙན་གཏམ་དང་དམོད་བོར་བ་ནི་སྐད་འཕྲིན་འབྲེལ་འདྲིས་ཁྲོད་ཀྱི་འཛེམ་བྱ་ཆེ་ཤོས་དེ་ཡིན།

4.མི་སྒེར་གྱི་གསང་བའི་ངོ་བོ་ཅན་གྱི་ནང་དོན་དང་པར་རིས་དག་ཕ་རོལ་བས་མོས་འཐད་མ་བྱུང་བར་སྐད་འཕྲིན་ལས་གཞན་ལ་བསྐུར་ན་མིའི་ཐོབ་ཐང་དང་ཞལ་གཟུགས་བདག་དབང་ལ་བརྩི་སྲུང་མ་བྱས་པའི་ཉེས་ཁྲིམས་དང་འགལ་ཡོད་པས་དེ་ནི་འཛེམ་བྱ་བཞི་བ་ཡིན།

5.གྲོགས་པོའི་བརྩམས་ཆོས་ལྟ་ཀློག་ཁོ་ན་ཙམ་ལས་བརྒྱུད་བསྐུར་མི་བྱེད་པ་ནི་ལས་ཀའི་འབྲས་བུ་ལ་བརྩི་འཇོག་མ་བྱས་པའི་རྟགས་སུ་ངེས་པས། ཅི་སྟེ་ཕུགས་རིང་ན་གྲོགས་པོའི་བར་ཐག་ཇེ་རིང་དང་ཐ་ན་མཚན་ཐོ་ལས་བསུབ་སྲིད། གྲོགས་པོའམ་མི་གཞན་ནས་ཁྱེད་ལ་འཚམས་འདྲིའམ་སྐད་བཞག་པ་ལ་ལམ་སང་ལན་སྤྲད་ན་ཕ་རོལ་བོར་གུས་མོས་བྱས་པ་མཚོན་པས་དེ་ལས་ལྡོག་ན་འཛེམ་བྱ་ལྔ་བ་ཡིན།

6.གྲོགས་པོའི་ཚོམས་སུ་མི་སྒེར་གྱི་འཚོ་བའི་ཁྲོད་ཀྱི་བྱ་བ་ཙག་ཙིག་དང་མགོ་ན་བའི་དོན་དག་བསྐུར་ན་ཕ་རོལ་བའི་སེམས་ཁམས་སྡུག་པོ་དང་དུས་ཚོད་ཆུད་ཟོས་སུ་གཏང་བ་མ་ཟད། མི་སྒེར་གྱི་གསང་བ་ཡང་ཕྱིར་ཤོར་ངེས་པས་རིགས་དེ་འཛིམ་བྱ་དྲུག་པ་ཡིན།

7.ཆ་འཕྲིན་དྲ་རྒྱའི་དུས་འདི་ལ་འཕྲིན་སྟེགས་གང་ཞིག་དེ་ལ་ཟིན་བཀོད་དང་གསང་བ་ཕྱིར་ཤོར་གྱི་ཉེན་ཁ་ཤིན་ཏུ་ཆེ་བས་དེ་འབྲེལ་གྱི་གསང་བྱ་གང་ཞིག་སྐད་འཕྲིན་ཐོག་ཁ་ངོ་ལག་འཕྲོད་ཀྱིས་བསྐུར་ཡང་མི་རིགས་པས་དེ་ལ་ཧ་ཅང་འཛེམ་དགོས།

8.སྐད་འཕྲིན་ལས་གསུང་རྩོམ་ལེགས་ཤོས་ཉར་ཚགས་བྱས་ནས་དེ་ལ་ཡང་ཡང་ལྟ་ཀློག་དང་གོ་བ་ཟབ་མོ་བླངས་ན་རང་ཉིད་ལ་བློ་བསྐྱེད་ཆེན་པོ་འབྱུང་སྲིད།

9. བྱ་བ་གང་ཞིག་དེ་ལ་སྐྱོན་ཡོན་གཉིས་ལྡན་པས་ཆོག་ཤེས་ལ་བསྟེན་རྒྱུ་ནི་ང་ཚོའི་འཚོ་བ་དང་ལས་ཀའི་ཚད་གཞི་ཡིན་པས་དུས་ངེས་མེད་ལ་སྐད་འཕྲིན་ཁོ་ནར་མགོ་འཁོར་ནས་ལས་ཀ་དང་། འཚོ་བ། བདེ་ཐང་བོར་ན་གནོད་པ་མནར་མེད་འབྱུང་ངེས་པ་ལྟར། ཁ་དཔེ་ལའང་། འཇིག་རྟེན་འདི་ན་ཆེས་རིང་བའི་བར་ཐག་དེ་ང་ཁྱེད་ཀྱི་གམ་དུ་ཡོད་ཀྱང་ཁྱེད་ཀྱིས་མགོ་སྒུར་ནས་ཁ་པར་ཁོ་ན་གཡེང་བ་དེའོ། །

10.ནང་དོན་གང་ཞིག་རང་ཉིད་ཀྱི་ངོས་ནས་དེ་ནི་གལ་ཆེན་པོ་དང་དགའ་དགོས་པ་ཞིག་ཏུ་རློམ་ནས་གྲོགས་ཚོམས་སུ་བསྐུར་བ། ཁུག་དམར་འཕྲོག་ལེན་ལ་དགའ་ཡང་བསྐུར་ལ་མི་དགའ་བ། ཐ་ན་སྐད་ལན་མེད་ལ་དྲིན་ཡང་ཞུ་མི་ཤེས་པ། དེ་མིན་རང་ཉིད་ཀྱིས་སྤུས་ཚད་ལ་ཁག་ཐེག་མི་ཐུབ་པའི་ཚོང་རྫས་འོས་སྦྱོར་བྱེད་པའི་རིགས་ནི་འཛེམ་བྱ་བཅུ་བའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-19

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།