རིན་ཆེན་སྤུངས་རི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

​མིང་གཞན་ལ་སྤྲེལ་རི་ཟེར་བ་དང་། བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གི་བྱང་ཤར་སྤྱི་ལེ2ཙམ་གྱི་སར་ཡོད། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི3800ཡོད། གནས་རི་དེའི་མིང་གི་བྱུང་ཚུལ་ནི《བོན་རིའི་དཀར་ཆག》ལས། རི་ཡི་རྒྱལ་པོ་རིན་ཆེན་སྤུངས། ། ཞེས་སྟོན་པ་གཤེན་རབ་མི་བོ་ཆེ་ཉིད་བྲག་ཕྱི་ལ་ཁར་ཕེབས་པ་དང་སྦྲགས། རི་བོ་བརྗིད་ལ་ནོར་བུའི་དབྱིབས་ཅན། རྩེ་མོར་འཇའ་ཚོན་སྣ་ལྔའི་གུར་ཁང་ཕུབ་པ། སྐེད་པར་ཙན་དན་དང་། ཤིང་སྣ་ཚོགས་སྐྱེད་ཚལ་རྒྱས་པ། རྩ་བར་མེ་ཏོག་སྣ་ཚོགས་ཀྱི་འདབ་ལོ་བཀྲ་བ། བྱ་དང་བྱིའུའི་སྐད་སྙན་པ། གཅན་གཟན། རི་དྭགས་རང་དགར་རྒྱུ་བ་བཅས་ཀྱི་གནས་མཆོག་དེ་ནི། སྟོན་པ་གཤེན་རབ་མི་བོ་ཆེས་བྱིན་གྱིས་བརླབས་ཏེ་བོན་གྱི་གནས་རི་ཁྱད་པར་ཅན་རི་ཡི་རྒྱལ་པོ་རིན་ཆེན་སྤུངས་གནས་ཡིན་ཞེས་བརྗོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
比日神山
ཁོངས་གཏོགས།
གནས་རི།
གནས་ཡུལ།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གི་བྱང་ཤར་སྤྱི་ལེ2ཙམ་གྱི་སར་ཡོད།
མཚོ་འཕགས།
སྨི3800ཡོད།
མིང་གཞན།
སྤྲེལ་རི།
1 ངོ་སྤྲོད།

མིང་གཞན་ལ་སྤྲེལ་རི་ཟེར་བ་དང་། བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གི་བྱང་ཤར་སྤྱི་ལེ2ཙམ་གྱི་སར་ཡོད། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི3800ཡོད། གནས་རི་དེའི་མིང་གི་བྱུང་ཚུལ་ཐད་བཤད་སྲོལ་མི་འདྲ་བ་འགའ་ཡོད་པ་སྟེ། གཅིག་ནི《བོན་རིའི་དཀར་ཆག》ལས། རི་ཡི་རྒྱལ་པོ་རིན་ཆེན་སྤུངས། ། ཞེས་སྟོན་པ་གཤེན་རབ་མི་བོ་ཆེ་ཉིད་བྲག་ཕྱི་ལ་ཁར་ཕེབས་པ་དང་སྦྲགས། རི་བོ་བརྗིད་ལ་ནོར་བུའི་དབྱིབས་ཅན། རྩེ་མོར་འཇའ་ཚོན་སྣ་ལྔའི་གུར་ཁང་ཕུབ་པ། སྐེད་པར་ཙན་དན་དང་། ཤིང་སྣ་ཚོགས་སྐྱེད་ཚལ་རྒྱས་པ། རྩ་བར་མེ་ཏོག་སྣ་ཚོགས་ཀྱི་འདབ་ལོ་བཀྲ་བ། བྱ་དང་བྱིའུའི་སྐད་སྙན་པ། གཅན་གཟན། རི་དྭགས་རང་དགར་རྒྱུ་བ་བཅས་ཀྱི་གནས་མཆོག་དེ་ནི། སྟོན་པ་གཤེན་རབ་མི་བོ་ཆེས་བྱིན་གྱིས་བརླབས་ཏེ་བོན་གྱི་གནས་རི་ཁྱད་པར་ཅན་རི་ཡི་རྒྱལ་པོ་རིན་ཆེན་སྤུངས་གནས་ཡིན་ཞེས་བརྗོད། དེའང་གཙོ་བོ་རི་བོའི་ཆགས་དབྱིབས་ཐོག་ནས་མིང་དེ་ལྟར་བཏགས་པ་ཡིན་པར་གྲགས། གཞན་ཞིག་ལ་བན་ལུགས་པ་རྣམས་ཀྱིས་དེ་ནི་ཙ་རིའི་གནས་ཀྱི་གནས་ལག་ཡིན་པ་དང་། དེའང་སྔོན་ཙ་རིའི་གནས་ཀྱི་གནས་ལག་དེ་རྒྱ་གར་ཡུལ་ནས་འཕུར་ཡོང་ནས་བོད་ཁམས་སུ་ཤམ་བྷ་ལ་འཚོལ་བར་ཡོང་། སྐབས་དེར་མ་མཁའ་འགྲོས་མཁྱེན་ནས་ཁྱོད་ས་ཕྱོགས་གཞན་ལ་ཕེབས་མི་དགོས་པར་གནས་དེར་བཞུགས་ཞེས་གསུངས་པས། དེ་ནས་བཟུང་ཡུལ་དེར་བཞུགས་པ་དང་། དེ་ནི་བོད་ཀྱི་ཕྱོགས་བཞིར་ཕུར་པ་རེ་ཡོད་པའི་བྱང་གི་ཕུར་པ་དེ་ཡིན་པར་བཤད། ད་དུང་གནས་དེར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གནས་སྒོ་ཕྱེ་བ་དང་། གནས་རིའི་ལྷོ་ཕྱོགས་ཀྱི་བྲག་སྟེང་དུ་གུ་རུ་གཟིམ་ཡོད་པའི་སྐུ་བརྙན་དང་། བཞེངས་པ། བཞུགས་པ་བཅས་ཀྱི་སྐུ་རྗེས་མཇལ་རྒྱུ་ཡོད་ལ། ལྷོ་ནུབ་མཚམས་སུ་མ་མཁའ་འགྲོའི་ཚོགས་གཞོང་དང་། གེ་སར་གྱི་ཆིབས་རྟའི་ཞབས་རྗེས། དེ་བཞིན་རུས་སྦལ་རང་བྱོན་སོགས་མཇལ་རྒྱུ་ཡོད་པར་གྲགས། གསུམ་པ་ནི་དམངས་ཁྲོད་ཀྱི་ངག་རྒྱུན་དུ། བསྐལ་པའི་ཡ་ཐོག་ཏུ་བོད་ཁམས་ཀྱི་རི་ཀླུང་ཚང་མ་ཆུ་ཡིས་ཁེངས། ཡིན་ནའང་ཡ་མཚན་ཅན་གྱི་རི་བོ་དེ་སྤྲེའུ་ཡི་མགོ་ཙམ་ཞིག་ཆུའི་སྟེང་དུ་ཐོན་པ་འདྲ་བ་ཡོད་པས། སྤྲེལ་རི་ཞེས་འབོད་པར་གྲགས། གནས་རི་དེར་སྐོར་བ་ཕྱི་ནང་བར་བཅས་ཁག་གསུམ་ཡོད། སྐོར་བ་ཕྱི་ནང་གཉིས་དེ་དུས་རྒྱུན་ཆོས་དད་མང་ཚོགས་རྣམས་ཀྱིས་སྐོར་སྲོལ་ཡོད། བར་སྐོར་དེ་འགྲོ་ལམ་མི་བདེ་བའི་རྐྱེན་གྱིས་སྤྱིར་བཏང་འགྲོ་མཁན་མེད། གནས་རིའི་ཕྱོགས་བཞི་ལ་འབུམ་པ་བཞི་ཡོད་པ་སྟེ། ཤར་རླུང་གི་ཁ་གནོན་དང་། ལྷོ་མེ་ཡི་ཁ་གནོན། ནུབ་ཆུ་ཡི་ཁ་གནོན། བྱང་ས་ཡི་ཁ་གནོན་བཅས་ཡིན། དེང་སང་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-22

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།