ལྷ་རིགས་སྒོ་ཡི་རུས་རྒྱུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་རིགས་སྒོ་ཡི་རུས་རྒྱུད།
ལྷ་རིགས་སྒོ་ཡི་རུས་རྒྱུད་ནི། སྤྲེལ་སྲིན་གཉིས་ལས་མཆེད་པ་མ་ཡིན་པར་ཡེ་གཞི་བསྐལ་པའི་དང་པོ་ལ། སྟེང་མ་ལྷའི་ཡུལ་ནས་ལྷ་བུ་ཞིག་གནམ་གྱི་དམུ་ཐག་ལ་འཇུས་ཏེ། མི་ཉག་བཞག་བྲ་ལྷ་རྩེའི་གངས་རྩེར་བབས་པ་ལས་བྱུང་བ་ཡིན་ལ། སྒོ་རིགས་ཀྱི་འགོ་བའི་ལྷ་ནི། དུང་མི་དུང་རྟ་དང་། ཡར་ལྷ་ཤམ་པོ་སོགས་ཡིན་ནོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ཡ་གྱལ།
ངོ་བོ།
དགྲ་བླ།
1 ​ངོ་སྤྲོད་མདོར་བསྡུས། 

ལྷ་རིགས་སྒོ་ཡི་རུས་རྒྱུད་ནི། སྤྲེལ་སྲིན་གཉིས་ལས་མཆེད་པ་མ་ཡིན་པར་ཡེ་གཞི་བསྐལ་པའི་དང་པོ་ལ། སྟེང་མ་ལྷའི་ཡུལ་ནས་ལྷ་བུ་ཞིག་གནམ་གྱི་དམུ་ཐག་ལ་འཇུས་ཏེ། མི་ཉག་བཞག་བྲ་ལྷ་རྩེའི་གངས་རྩེར་བབས་པ་ལས་བྱུང་བ་ཡིན་ནོ། །

སྒོ་རིགས་ལས་གྱེས་པ་དྷུ་དང་། མཁར་ཆེན། འགར། ཀེ། འགོལ། གསུང་། གསེར། འབྲོམ། ཇི། འབུམ། བཞག ཤེལ། སྟག འཕྱང་། གཅེས། སེང་། རམ། དྷུ་དགུ། མཁར་ནང་། མདོ་ཆུང་སོགས་ཡོད་ཅིང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་། འགར་ཆེན་ཡེ་ཤེས་བཟང་པོ། ཆོས་རྒྱལ་བསྟན་པ་ཚེ་རིང་། བཙན་པོའི་བློན་པོར་གྱུར་བའི་ཞིང་རིགས་རྣམས་རུས་རྒྱུད་འདིར་འཁྲུངས་པ་ཡིན་ལ། སྒོ་རིགས་རྣམས་གཙོ་བོ་སྡེ་དགེ་སོགས་བར་ཁམས་ཀྱི་ས་ཆ་རྣམས་སུ་དར་ཁྱབ་ཆེ་བར་བཤད་དོ། །

སྒོ་རིགས་ཀྱི་འགོ་བའི་ལྷ་ནི། དུང་མི་དུང་རྟ་དང་། ཡར་ལྷ་ཤམ་པོ་སོགས་ཡིན་ནོ། །

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-18

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།