དེ་མོ་ལ་ཁ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེ་མོ་ལ་ཁ།
​དེ་མོ་ལ་ཁ་ནི་བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གི་ཤར་ལྷོའི་མཚམས་སྤྱི་ལེ60ཙམ་གྱི་སར་ཡོད། དེའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4700ལྷག་ཙམ་ཡོད། དེ་ནི་ཀླུ་ནང་གྲོང་རྡལ་དང་སྨན་རི་ཡུལ་ཚོ་གཉིས་ཀྱི་དབྱེ་མཚམས་སུ་གྱུར་ཡོད། དེ་མོ་ལ་ཁ་ཟེར་བའི་མིང་ནི་ལ་དེ་དེ་མོ་ལུང་པའི་ཕུ་ཡི་རི་བོའི་རྩེ་མོར་ཡོད་པས། མིང་དེ་ལྟར་ཐོགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德木拉山口
ཁོངས་གཏོགས།
རི་ལུང་།
མཚོ་འཕགས།
སྨི4700ལྷག་ཙམ་ཡོད།
གནས་ཡུལ།
བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གི་ཤར་ལྷོའི་མཚམས་སྤྱི་ལེ60ཙམ་གྱི་སར་ཡོད།
1 ངོ་སྤྲོད།

དེ་མོ་ལ་ཁ་ནི་བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གི་ཤར་ལྷོའི་མཚམས་སྤྱི་ལེ60ཙམ་གྱི་སར་ཡོད། དེའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4700ལྷག་ཙམ་ཡོད། དེ་ནི་ཀླུ་ནང་གྲོང་རྡལ་དང་སྨན་རི་ཡུལ་ཚོ་གཉིས་ཀྱི་དབྱེ་མཚམས་སུ་གྱུར་ཡོད། དེ་མོ་ལ་ཁ་ཟེར་བའི་མིང་ནི་ལ་དེ་དེ་མོ་ལུང་པའི་ཕུ་ཡི་རི་བོའི་རྩེ་མོར་ཡོད་པས། མིང་དེ་ལྟར་ཐོགས་པ་ཡིན། སྔར་བོད་ས་གནས་སྲིད་གཞུང་གི་གཞུང་དོན་དང་། ཚོང་འདྲེན་གྱི་བརྒྱུད་ལམ་གཙོ་བོ་ཞིག་ཡིན་པ་མ་ཟད། བོན་རི་བརྒྱ་སྐོར་གྱི་གནས་ལམ་དང་དེ་མོ་ཁུལ་གྲོང་ཚོའི་འབྲོག་ས་གལ་ཆེན་ཞིག་ཀྱང་ཡིན། དེ་མོ་ལ་ཁའི་འགྲོ་ལམ་གཡས་གཡོན་གྱི་བྲག་རྡོའི་སྟེང་དུ་ཡ་མཚན་ཅན་གྱི་རྟགས་དང་རི་མོ་མང་པོ་མཐོང་རྒྱུ་ཡོད་ལ། དེའི་ལུང་གཞུང་དུ་ཁང་ཤུལ་མང་པོ་མཐོང་རྒྱུ་ཡོད་པ་དེ་ནི་སྔར་སྡེ་པ་གཞུང་གི་སྦྲག་པ་ཞག་སྡོད་བྱེད་ས་ཡིན་པར་གྲགས། དེ་མོ་ལ་ཁའི་བགྲོད་ལམ་དུ་དེ་མོ་བླ་མའི་ཆིབས་རྟའི་ཞབས་རྗེས་སོགས་མཇལ་རྒྱུ་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-22

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།