དཀར་རྟིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔལ་མགོན་རྫོང་ཁོངས་ཞོ་རུ་ཤང་སེར་གླིང་མཚོའི་ཉེ་འགྲམ་དུ་གནས། ས་གནས་དེ་ནས་འཚོལ་བསྡུ་བྱས་པའི་རྡོ་ཆས་གཙོ་བོ་ནི་རྡོ་གཡམ་དང་རྡོ་རིལ་གྱི་ལག་ཆ་དང་། དེ་མིན་རྡོ་ཆས་གཞན་དག་ཡིན་ཞིང་། དེའི་ནང་རྡོ་གཡམ་ལག་ཆ་ངོ་གྲངས་དྲུག་ཅུ་རེ་བཞི་དང་། རྡོ་རིལ་ལག་ཆ་ངོ་གྲངས་དྲུག རྡོ་ཆས་གཞན་དག་ངོ་གྲངས་སུམ་ཅུ་སོ་དགུ་སོགས་རྡོ་ཆས་ཀྱི་རྣམ་གྲངས་མང་པོ་བཙལ་རྙེད་ཐུབ་པ་བྱུང་ཡོད།
གཞི་རྩའི་གནས་ཚུལ།

ས་གནས།
དཔལ་མགོན་རྫོང་ཁོངས་ཞོ་རུ་ཤང་སེར་གླིང་མཚོའི་ཉེ་འགྲམ།
1 ​ངོ་སྤྲོད་མདོར་བསྡུས། 

དཔལ་མགོན་རྫོང་ཁོངས་ཞོ་རུ་ཤང་སེར་གླིང་མཚོའི་ཉེ་འགྲམ་དུ་གནས། ས་གནས་དེ་ནས་འཚོལ་བསྡུ་བྱས་པའི་རྡོ་ཆས་གཙོ་བོ་ནི་རྡོ་གཡམ་དང་རྡོ་རིལ་གྱི་ལག་ཆ་དང་། དེ་མིན་རྡོ་ཆས་གཞན་དག་ཡིན་ཞིང་། དེའི་ནང་རྡོ་གཡམ་ལག་ཆ་ངོ་གྲངས་དྲུག་ཅུ་རེ་བཞི་དང་། རྡོ་རིལ་ལག་ཆ་ངོ་གྲངས་དྲུག རྡོ་ཆས་གཞན་དག་ངོ་གྲངས་སུམ་ཅུ་སོ་དགུ་སོགས་རྡོ་ཆས་ཀྱི་རྣམ་གྲངས་མང་པོ་བཙལ་རྙེད་ཐུབ་པ་བྱུང་ཡོད། མདོར་ན་གོང་གསལ་ས་ཆ་ཁག་ནས་བཙལ་རྙེད་ཐུབ་པའི་རྡོ་ཆས་ངོ་གྲངས་བརྒྱ་ལྷག་ཡོད་པ་དེའི་ནང་རྡོ་གཡམ་ལག་ཆ་དང་། རྡོ་རིལ་ལག་ཆ། དེ་མིན་གཞོག་བྱེད་ལག་ཆ་སྤྱི་དང་། གཞོག་བྱེད་ཀོང་ཀོང་ཅན། གཞོག་བྱེད་ཁ་ཤོ་ཅན། གཞོག་བྱེད་རྩེ་ཅན་སོགས་རྣམ་གྲངས་མང་ཞིང་། དེ་དག་གི་ལོ་རབས་ལ་བལྟས་ན་རྡོ་ཆས་རྙིང་མའི་དུས་མཇུག་སྟེ་ད་བར་མི་ལོ་ཆིག་ཁྲི་ལྷག་ཙམ་སོང་ཡོད་པ་རེད། དེ་བཞིན་རྡོ་ཆས་རྙིང་མའི་གནའ་རྫས་ཀྱི་གྲུབ་ཆ་དང་། བཟོ་ཐབས། བཟོ་དབྱིབས་སོགས་ཀྱི་ཐད་རྡོ་ཆས་རིག་གནས་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ལྡན་ཡོད་པ་བཅས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-17

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།