རྩོམ་རིག་དཔྱད་བརྗོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩོམ་རིག་དཔྱད་བརྗོད།
རྩོམ་རིག་དཔྱད་བརྗོད་ནི་རྩོམ་རིག་བྱ་འགུལ་ཧྲིལ་བོའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེས་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་ལེགས་ཉེས་ལ་དཔྱད་པ་ལས་གཞན། རྩོམ་རིག་གི་ལས་འགུལ། རྩོམ་རིག་གི་རླབས་རྒྱུན་སོགས་རྩོམ་རིག་གྲུབ་མཐའ་སོ་སོར་ཞིབ་འཇུག་བྱས་ཆོག་ལ། རྩོམ་རིག་གི་རྣམ་གཞག་མཐའ་དག་ཁྲོད་ཀྱི་ཆོས་ཉིད་རང་བཞིན་ལྡན་པའི་གནད་དོན་ལའང་ཞིབ་འཇུག་བྱེད་པ་ཞིག་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文学评论
ཁོངས་གཏོགས།
རྩོམ་རིག
1 གོ་དོན།

རྩོམ་རིག་དཔྱད་བརྗོད་ནི་རྩོམ་རིག་བྱ་འགུལ་ཧྲིལ་བོའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེས་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་ལེགས་ཉེས་ལ་དཔྱད་པ་ལས་གཞན། རྩོམ་རིག་གི་ལས་འགུལ། རྩོམ་རིག་གི་རླབས་རྒྱུན་སོགས་རྩོམ་རིག་གྲུབ་མཐའ་སོ་སོར་ཞིབ་འཇུག་བྱས་ཆོག་ལ། རྩོམ་རིག་གི་རྣམ་གཞག་མཐའ་དག་ཁྲོད་ཀྱི་ཆོས་ཉིད་རང་བཞིན་ལྡན་པའི་གནད་དོན་ལའང་ཞིབ་འཇུག་བྱེད་པ་ཞིག་ཡིན་ནོ། །

2 ངོ་བོ།

དེ་ནི་རྩོམ་རིག་རོལ་མྱོང་གཞིར་བྱས་ཏེ། མཛེས་རྟོག་གི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ་ངེས་ཅན་ཞིག་གཞིར་བཟུང་ནས། རྩོམ་རིག་རྣམ་གཞག་མཐའ་དག་དང་ཁྱད་པར་དུ་རྩོམ་རིག་བརྩམས་ཆོས་ལ་དབྱེ་ཞིབ་དང་། ཞིབ་འཇུག་བྱེད་པའི་བྱ་འགུལ་ཞིག་ཡིན།

3 ཐོན་དགོས་པའི་ནུས་པ།

གཅིག ཡང་དག་པའི་སྒོ་ནས་བརྩམས་ཆོས་ལ་གདེང་འཇོག་བྱས་ནས་རྩོམ་པ་པོའི་གསར་རྩོམ་བྱ་བར་སྐུལ་མ་གཏོང་དགོས།

གཉིས། ཀློག་པ་པོས་བརྩམས་ཆོས་ཡང་དག་པའི་གོ་བ་ལོན་པར་མཛུབ་སྟོན་བྱ་དགོས།

གསུམ། ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་རྩོམ་རིག་གཞུང་ལུགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་མ་གཏང་དགོས།

4 ཚད་གཞི།

དེ་ནི་རྩོམ་རིག་བརྩམས་ཆོས་ཀྱི་སྤུས་ཚད་བཟང་ངན་དང་། སྒྱུ་རྩལ་ལེགས་ཉེས་ཀྱི་དབྱེ་བ་འབྱེད་པའི་རྩ་བའི་ཚད་ཐིག་ཅིག་ཡིན་ལ། རྩོམ་རིག་གི་རྣམ་གཞག་མཐའ་དག་གི་བཟང་ངན་བདེན་རྫུན་གྱི་དབྱེ་བ་འབྱེད་པའི་ཚད་གཞི་ཡང་ཡིན།

4_1 བསམ་བློའི་ཚད་གཞི།

གཅིག འཚོ་བའི་བདེན་གྲུབ་རང་བཞིན་མཚོན་དགོས།

གཉིས། བསམ་བློའི་ཕྱོགས་ཞེན་གྱི་ཡར་ཐོན་དོན་སྙིང་ལྡན་དགོས།

4_2 སྒྱུ་རྩལ་གྱི་ཚད་གཞི།

གཅིག སྒྱུ་རྩལ་སྣང་བརྙན་གསར་བཞེངས་བྱས་པ་གསོན་ཉམས་ལྡན་ཞིང་དཔེ་མཚོན་རང་བཞིན་ལྡན་དགོས།

གཉིས། སྒྱུ་རྩལ་གྱི་རྣམ་པའི་ཐད་ཀྱི་མཛེས་པའི་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་དགོས།

གསུམ། སྒྱུ་རྩལ་ལ་རོ་དང་བྲོ་བ་ངེས་ཅན་ལྡན་དགོས་པ་བཅས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-23

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།