ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་གི་འཐབ་ཇུས་ཆེན་མོ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་གྱི་དགོངས་དོན་མཐའ་འཁྱོལ་དང་། རྩ་བ་བརྟན་པ། དངོས་གཟུགས་ལ་རྟོན་པ། ཐོག་མའི་སེམས་འདུན་མི་བརྗེད་པ། འགན་འཁྲི་མི་འདོར་བ། རང་འགུལ་སྒོས་རྒྱལ་ཁབ་ལ་དབང་བའི་དངུལ་ཁང་ཆེན་པོའི་སྤྱི་ཚོགས་འགན་འཁྲི་ཕྲག་ཏུ་ཁུར། འཛུགས་སྐྲུན་དངུལ་ཁང་གིས་དངུལ་རྩའི་ཐོན་རྫས་ཞབས་ཞུ་དང་། དངུལ་རྩའི་སྟེགས་བུ་མཉམ་རོལ། ཀུན་ཕན་གྱི་དངུལ་རྩའི་འཕེལ་རྒྱས་མ་དཔེ་གསར་གཏོད་བྱས། དངུལ་ཁང་ཡོངས་རྫོགས་ཀྱི་བཅོས་སྒྱུར་དང་དཔལ་འབྱོར་དཔེ་གཞིར་འགྱུར་ལྡོག་གོང་འཕེལ་མཉམ་སྒྲུབ་སྒོས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཁྲོད་གཙོ་ཤུགས་འདོན་པ་དང་། འཐབ་ཇུས་གསུམ་གྱི་ལམ་ཕྱོགས་བརྒྱུད་ནས་དངུལ་ཁང་ལ་སྒྲིག་གཞི་དང་དམིགས་འབེན། བློ་སྤོབས་དང་འགན་འཁྲི་སྩལ་ནས་དངུལ་རྩ་དེ་སྤྱི་ཚོགས་གྱི་གནད་དོན་ཐག་གཅོད་པའི་ལག་ཆ་བཟང་པོ་དང་སྤྱི་ཚོགས་མ་རྩའི་སྡུད་ཆས་སུ་འགྱུར་བའོ། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་གིས་འཐབ་ཕྱོགས་ཆེན་པོ་གསུམ་ནི་སྡོད་ཁང་བོགས་གཡར། དངུལ་རྩའི་ཚན་རྩལ། ཀུན་ཕན་དངུལ་རྩ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国建设银行“三大战略”
དངུལ་ཁང་།
ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་།
ནང་དོན།
དངུལ་རྩའི་འཐབ་ཇུས།
རིགས་དབྱེ།
སྡོད་ཁང་བོགས་གཡར། དངུལ་རྩའི་ཚན་རྩལ། ཀུན་ཕན་དངུལ་རྩ།
1 སྡོད་ཁང་བོགས་གཡར།

.png

ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི“གྲུབ་ཆའི་གཙོ་གཞི་མང་བ། ཐབས་ལམ་མང་བ། བོགས་གཡར་དང་ཉོ་འཚོང་བསྲེས་པའི་སྡོད་ཁང་ལམ་ལུགས་མྱུར་མོར་འཛུགས་པ”འི་དགོངས་དོན་ལྟར་འཛུགས་སྐྲུན་དངུལ་ཁང་གིས་ཏང་གི“ཁང་བ་ནི་འདུག་གནས་ཡིན་པ་ལས་གླེང་གཞི་འཕེར་བའི་གནས་མ་ཡིན”ཞེས་པའི་འབོད་པ་ལ་རྒྱབ་སྐྱོར་ཀྱིས་ཚོང་རའི་སྣེ་ཁྲིད་པའི་དང་སྒུལ་ཤུགས་པའི་ཚུལ་གྱིས་རང་འགུལ་སྒོས་ཐབས་ལམ་སྣེ་མང་ཅན་དང་ཚོང་ར་ཅན་གྱི་ཐབས་ལམ་གསར་འཚོལ་གྱིས་སྡོད་ཁང་བོགས་གཡར་དཔེ་གཞི་གསར་བ་སྤེལ། མཁོ་མཁན་ལ་སྡོད་ཁང་གླ་གཏོང་དངུལ་རྩའི་ཞབས་ཞུའི་ཐབས་ལམ་མང་ཙམ་སྤྲད། ཡུན་རིང་དུ་གླ་བ་ནི་ཡུན་རིང་དུ་འདུག་པ་དང་། ཡུན་རིང་དུ་འདུག་པ་ནི་གཞིས་བཅའ་བ་སོགས་ཀྱི་འདུ་ཤེས་ཀྱིས་སྡོད་ཁང་གླ་གཏོང་ལས་དོན་ནི་སྡོད་ཁང་བོགས་གཡར་ཁྲོམ་ར་འཕེལ་རྒྱས་སུ་བཏངས་ནས་རྒྱལ་ཁབ་ཀྱི་གནད་དོན་ཐག་གཅོད་བྱེད་པར་མ་ཟད། སྡོད་ཁང་ཞབས་ཞུའི་ལེགས་ཆས་འཐབ་ཇུས་གསར་བ་སྤེལ་བའང་ཡིན། དེའི་སྙིང་བོ་ནི་སྡོད་ཁང་མཉམ་དུ་ལོངས་སུ་སྤྱོད་པ་དེ་ཡིན།

2 ཀུན་ཕན་དངུལ་རྩ།

.png

ཀུན་ཕན་དངུལ་རྩ་ནི་འཛུགས་སྐྲུན་དངུལ་ཁང་གིས་ཀྲུང་དབྱང་གི་ཆབ་སྲིད་འགན་འཁྲི་ལག་བསྟར་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཞབས་ཞུ།  སྤྱི་ཚོགས་དམངས་འཚོ་ཞབས་ཞུ་ལ་བཟུང་བའི་འགན་འཁྲི་དེ་ཡིན། ཀུན་ཕན་དངུལ་རྩ་ནི་ནི་ཆུང་འཁྲིང་ཁེ་ལས་ལ་མ་རྩའི་དངུལ་མཁོ་འདོན་བྱེད་པ་ཙམ་གྱི་དོན་མ་ཡིན་པར། དེ་ནི་དངུལ་རྩའི་ངོས་ཐད་དུ་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་དགོས་མཁོའི་བརྡ་དོན་གྱི་རྒྱུས་མངའ་དང་སྤྱི་ཚོགས་ཡོངས་དང་ལྷག་པར་དུ་འབྱོར་ཞན་རིགས་ཀྱི་རྩ་བའི་ཞབས་ཞུའི་སེམས་འདུན་ཡིན།

ཀུན་ཕན་དངུལ་རྩའི་འཐབ་ཇུས་ཀྱི་འབབ་ས་དང་སྙིང་བོ་ནི་སྟེགས་བུ་གཉེར་བ་དང་གྲངས་ཚན་གཉེར་བ། དངུལ་རྩའི་ཚན་རྩལ་གཙོ་ཤུགས་ཀྱི་དངུལ་རྩའི་ཐོན་རྫས་རྐྱང་བ་འདོན་པ་ནས་ཕྱི་འབྲེལ་སྒོ་འབྱེད་དང་ནང་གི་སྒྲིག་ལེགས་པའི་སྟེགས་བུ་རུ་སྤེལ་ནས་ཁྲོམ་ར་དང་མཁོ་མཁན་དེ་ཡིན། མཁོ་མཁན་གྱིས་བསྟེན་ཚད་དང་ལེན་མཐོར་འདེགས། དོ་སྣང་དང་ཉོ་འཚོང་སྤེལ་བ། ཚོང་གཉེར་བར་སྟོང་དར་སྤེལ་དང་མ་འོངས་པའི་ཁྲོམ་ར་རྒྱ་སྐྱེད་པའི་ཆེད་དུ་དངུལ་བུན་ཆུང་ངུའི་མ་དཔེ་སྤེལ། དངུལ་བུན་དེའི་རེ་ཞུ་དང་མཆོག་མཆན། གན་རྒྱ་དང་བདེ་སྤྱོད་ཀྱི་བརྒྱུད་རིམ་དག་ཁྱོན་ཡོངས་ནས་དྲ་རྒྱ་ཅན་དང་རང་འགུལ་ཅན་དུ་གཏོང་བ། དེ་བཞིན་དུ་མཁོ་མཁན་གྱིས་རང་འགུལ་སྒོས་བེད་སྤྱོད་དང་། སྐྱི་སྤྲོད་ཀྱི་དུས་ལ་ཚད་བཀག་མེད་པ་སོགས་ཁེ་ལས་ཀྱི་དངུལ་བསྡུའི་མ་རྩ་ཇེ་ཉུང་དུ་བཏངས། 

3 དངུལ་རྩའི་ཚན་རྩལ།

.png

.png

.png

འཛུགས་སྐྲུན་དངུལ་ཁང་གི“དངུལ་རྩའི་ཚན་རྩལ”ནི་རབས་གསར་བའི་ལས་སྒོའི་མ་ལག་བཟུང་ནས་ཚན་རྩལ་གསར་གཏོད་ལམ་ལུགས་ནང་རྐྱེན་ཇེ་ཚང་དུ་བཏང་བ་བརྒྱུད་ནས། དངུལ་ཁང་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལ་གསོན་ཤུགས་སྩོལ་བ་དང་ཚན་རྩལ་འབྲས་བུ་གསར་བ་དག་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་བ། མཉམ་རོལ་གྱི་འདུ་ཤེས་ཀྱིས་མ་རྩ་གཅིག་སྡུད། ཚན་རྩལ་སྟོབས་ཤུགས་ཀྱིས་དམངས་ལ་ཕན་བདེ་བསྐྲུན་པ། དངུལ་རྩའི་བློ་གྲོས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། དངུལ་རྩའི་ཞབས་ཞུའི་ལེགས་ཆ་གསར་བ་སྤེལ་བ།  མ་འོངས་པའི་དངུལ་རྩའི་སྐྱེ་ཚུལ་ལེགས་སྒྲིག་བྱས་ནས་མ་འོངས་པའི་དངུལ་རྩ་གསར་བར་ཕྱོགས་པའི་ཞབས་ཞུའི་མ་དཔེ་སྣ་འདྲེན་པའོ། 

དངུལ་རྩའི་ཚན་རྩལ་དེ་ཡངTOP+ཞེས་སུ་བདེ་བར་བརྗོད་པ་དང་། Tནི་ཚན་རྩལ་སྒུལ་ཤུགས་སྟེ། ལག་རྩལ་དང་གྲངས་ཚན་ཟུང་འབྲེལ་གྱིས་དངུལ་རྩ་གསར་གཏོད་བྱེད་པ་མཚོན། Oནི་སྟོབས་ཤུགས་ཕྱིར་མངོན་སྟེ། ཚོགས་ཁག་གི་བྱེད་སྒོའི་ནུས་པ་དང་གྲངས་ཚན་དེ་ཞབས་ཞུའི་ཚུལ་གྱིས་སྤྱི་ཚོགས་སུ་སྤེལ་བའོ། Pནི་སྟེགས་བུའི་མ་ལག་སྟེ། སྟེགས་བུ་སྒྲིག་འཛུགས་དང་སྟེགས་བུའི་སྦྲེལ་མཐུད། སྟེགས་བུ་སྟེགས་བུར་སྦྲེལ་ནས་མཁོ་མཁན་གྱི་མ་ལག་མཉམ་དུ་འཛུགས་པ།  སྟེགས་བུའི་མ་ལག་འཛུགས་པའི་ཁམས་ནས་སྤྱི་ཚོགས་ཀྱི་གནད་སར་སྣུན་ནས་འགན་འཁྲི་འཁུར་བ་དང་ནུས་ཤུགས་འདོན་པའོ།

དུས་རབས་གསར་བ་དང་བསམ་བློ་གསར་བ། སྒྲིག་གཞི་གསར་བ། གནས་ཚད་གསར་བ་སོགས་འགོ་རྩོམ་གནས་གསར་བ་བྱེད་དགོས། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གིས་ཐོག་མའི་བསམ་བློ་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། དངུལ་རྩའི་ཞབས་ཞུའི་རྩ་བའི་འབྱུང་ཁུངས་དང་ལས་གཞི། འགན་འཁྲི་བཅས་ཕྱིར་བཤོལ་བྱེད་པ་དང་། ཚོང་ལས་དངུལ་ཁང་གི་རིན་ཐང་ལྟ་བ་དང་ཞབས་ཞུའི་རིག་གནས་བསྐྱར་སྐྲུན་བྱས་ནས། ཤུགས་ཆེན་པོས་ཏང་འཛུགས་ནན་ཏན་དང་། གཟབ་ནན་སྒོས་དངུལ་ཁང་ལེགས་བཅོས་བྱེད་དགོས། མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་དང་། དེང་རབས་ཀྱི་འཚོ་བ་གསར་བའི་འཛུགས་སྐྲུན་ལ་འཛུགས་སྐྲུན་དངུལ་ཁང་གིས་ཤེས་རབ་དང་ཐབས། སྟོབས་ཤུགས་བཅས་མཁོ་སྤྲོད་བྱེད་དགོས། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དངུལ་ཁང་། དངུལ་རྩ། ཞབས་ཞུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-03

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།