ཁྱེའུ་ཆུང་ལོ་ཙཱ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྱེའུ་ཆུང་ལོ་ཙཱ་བ།
གྲུབ་ཆེན་ཁྱེའུ་ཆུང་ལོ་ཙཱ་བ་ནི། གདུང་རུས་འབྲོག་མི་སྟེ། སྐུ་གཞོན་ནུའི་དུས་ནས་ལོ་ཙཱ་མཁྱེན་པས་མཚན་ཡང་དེ་ལྟར་དུ་གྲགས། སློབ་དཔོན་གྱི་དྲུང་དུ་གསང་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པར་བསླབས། རྟེན་ཁྱིམ་པ་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
且琼洛
ཕྱི་ཡིག་གི་མིང་།
Qchung Lotsa
མིང་གི་རྣམ་གྲངས།
རྣལ་འབྱོར་དབང་ཕྱུག་ཁྱེའུ་ཆུང་ལེགས་པ། གྲུབ་ཆེན་ཁྱེའུ་ཆུང་ལོ་ཙཱ་བ།  ཁྱེའུ་ཆུང་ལེགས་པ་སོགས་མཆིས།
ལས་རིགས།
ལོ་ཙཱ་བ།
དུས་རབས།
བརྒྱད་པ།
རུས།
འབྲོག་མི།
1 ངོ་སྤྲོད།

སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་རྗེ་འབངས་ཉེར་ལྔའི་ཁོངས་སུ་གཏོགས་པའི་ལོ་ཙཱ་བ་གྲགས་ཅན་ཞིག་ཡིན། བསྟན་རྩིས་ཀ་ཕྲེང་ལག་དེབ་ནང་། འབྲོག་མི་ཁྱེའུ་ཆུང་ལོ་ཙཱ་བ། དུས་རབས་བརྒྱད་པའི་དུས་དཀྱིལ་དུ་འཁྲུངས། ཞེས་གསལ། གདུང་རུས་འབྲོག་མི་ཡིན། གཞོན་ནུའི་དུས་ནས་ལོ་ཙཱ་བ་མཁྱེན་པས་མཚན་ཡང་ཁྱེའུ་ཆུང་ལོ་ཙཱ་བར་གྲགས། སློབ་དཔོན་པདྨ་འབྱུང་གནས་ཀྱི་དྲུང་དུ་གསང་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པར་བསླབས། རྟེན་ཁྱིམ་པ་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་ཡིན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-26

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།