རྒྱལ་བའི་བློ་གྲོས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་བའི་བློ་གྲོས།
​རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག་སྟེ། སྔོན་རྒྱལ་པོའི་ནང་མི་ཡིན་པ་དང་མིང་ལ་མགོན་པོ་ཟེར། ཕྱིས་རབ་ཏུ་བྱུང་བས་མཚན་རྒྱལ་བའི་བློ་གྲོས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན། རྒྱ་གར་དུ་བྱོན་ནས་སློབ་དཔོན་ཧཱུཾ་ཀ་ར་ལས་ཡང་དག་གི་ཆོས་སྐོར་ཞུས་པས་གྲུབ་པ་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杰瓦洛追
ཕྱི་ཡིག་གི་མིང་།
Gyalwe Lodroe
ཁོངས་གཏོགས།
​རྗེ་འབངས་ཉེར་ལྔའི་ཡ་གྱལ།
ལས་རིགས།
ལོ་ཙཱ་བ།
1 ངོ་སྤྲོད།

རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག་སྟེ། སྔོན་རྒྱལ་པོའི་ནང་མི་ཡིན་པ་དང་མིང་ལ་མགོན་པོ་ཟེར། ཕྱིས་རབ་ཏུ་བྱུང་བས་མཚན་རྒྱལ་བའི་བློ་གྲོས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན། རྒྱ་གར་དུ་བྱོན་ནས་སློབ་དཔོན་ཧཱུཾ་ཀ་ར་ལས་ཡང་དག་གི་ཆོས་སྐོར་ཞུས་པས་གྲུབ་པ་ཐོབ། གཤིན་ཡུལ་དུ་རྫུ་འཕྲུལ་གྱིས་དམག་དྲངས་ནས་མ་དམྱལ་བ་ནས་མངོན་སུམ་དུ་བཏོན། སྤྲུལ་པའི་དམག་གིས་གཤིན་རྗེའི་སྐྱེས་བུ་རྣམས་འཇིགས་ཤིང་སྐྲག་པར་མཛད། སློབ་དཔོན་པདྨའི་དྲུང་དུ་ཆོས་ལ་སྦྱངས་པས་རྫུ་འཕྲུལ་གྱིས་རོ་ལངས་གསེར་དུ་བསྒྱུར་བའི་དངོས་གྲུབ་བརྙེས། སློབ་དཔོན་འདིས་མི་རོ་གསེར་དུ་བསྒྱུར་བའི་གསེར་མང་པོ་ཕྱིས་ཀྱི་གཏེར་སྟོན་འགའ་ཞིག་གིས་གཏེར་ཁ་ནས་བྱོན་པར་སྣང་ངོ་། ། ཚེའི་རིག་འཛིན་བརྙེས་པས་སྐུ་ཚེ་རིང་པོར་རོང་ཟོམ་ཆོས་བཟང་གི་དུས་བར་དུ་བཞུགས་པར་སྣང་སྟེ་རོང་ཟོམ་གྱིས་ཆོས་གསན་པའི་ལོ་རྒྱུས་ཡོད་དོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-26

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།