བསྟན་མ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསྟན་མ་ཁང་ནི་ཡང་དགོན་གཙུག་ལག་ཁང་གི་རྒྱབ་ཕྱོགས་བྱང་ངོས་ཉེ་འགྲམ་དུ་གནས་ཤིང་། གཞི་རྒྱ་ཀ་བ་བརྒྱད་ལྡན་ཡོད། ལྷ་ཁང་འདིའི་ཞལ་ཤར་གཟིགས་ཀྱི་མཆོད་གཤོམ་ནང་དུ་འཇིམ་སྐུ་རྡོ་རྗེ་གཡུ་སྒྲོན་མ་སྐུ་ཚད་ཁྲུ་གང་ཙམ་བྱས་པ་གཅིག་དང་། དཔལ་ལྡན་དམག་ཟོར་རྒྱལ་མོ། ལྷ་མོ་ཉི་མ་གཞོན་ནུ། གུ་རུ་ང་འདྲ་མ་བཅས་ཀྱི་སྐུ་འདྲ་བཞུགས་ཡོད། ཞལ་ལྷོ་གཟིགས་སུ་དུས་གསུམ་སངས་རྒྱས་ཀྱི་འཇིམ་སྐུ་ཐོག་སོ་སུམ་ལྡན་དང་། ཚལ་པ་ཁྲི་དཔོན་དང་པོའི་ཡུམ་གྱི་འཁྲུངས་རྟགས་ཚེ་དཔག་མེད་ཀྱི་སྐུ་འདྲ་བཞུགས་ཡོད།
གཞི་རྩའི་གནས་ཚུལ།

གནས་ཡུལ།
ཡང་དགོན་གཙུག་ལག་ཁང་གི་རྒྱབ་ཕྱོགས་བྱང་ངོས་ཉེ་འགྲམ།
1 ​ངོ་སྤྲོད་མདོར་བསྡུས། 

བསྟན་མ་ཁང་ནི་ཡང་དགོན་གཙུག་ལག་ཁང་གི་རྒྱབ་ཕྱོགས་བྱང་ངོས་ཉེ་འགྲམ་དུ་གནས་ཤིང་། གཞི་རྒྱ་ཀ་བ་བརྒྱད་ལྡན་ཡོད། ལྷ་ཁང་འདིའི་ཞལ་ཤར་གཟིགས་ཀྱི་མཆོད་གཤོམ་ནང་དུ་འཇིམ་སྐུ་རྡོ་རྗེ་གཡུ་སྒྲོན་མ་སྐུ་ཚད་ཁྲུ་གང་ཙམ་བྱས་པ་གཅིག་དང་། དཔལ་ལྡན་དམག་ཟོར་རྒྱལ་མོ། ལྷ་མོ་ཉི་མ་གཞོན་ནུ། གུ་རུ་ང་འདྲ་མ་བཅས་ཀྱི་སྐུ་འདྲ་བཞུགས་ཡོད། ཞལ་ལྷོ་གཟིགས་སུ་དུས་གསུམ་སངས་རྒྱས་ཀྱི་འཇིམ་སྐུ་ཐོག་སོ་སུམ་ལྡན་དང་། ཚལ་པ་ཁྲི་དཔོན་དང་པོའི་ཡུམ་གྱི་འཁྲུངས་རྟགས་ཚེ་དཔག་མེད་ཀྱི་སྐུ་འདྲ་བཞུགས་ཡོད། ལྷ་ཁང་འདིའི་ཤར་ངོས་སུ་སྨན་འདམ་གྱི་མཆོད་རྟེན་ཚ་ཁང་མཆོད་ཁྲི་ཟེར་བ་མཐོ་ཚད་མི་ཚད་མ་གཅིག་ཐུགས་རྟེན་གྱི་ཚུལ་དུ་བཞུགས་ཤིང་། གསུང་སྲོལ་ལ་མཆོད་རྟེན་འདིའི་འོག་ཏུ་གུང་ཐང་བླ་མ་ཞང་གི་བླ་མཚོ་གནས་ཡོད་ཟེར་སྲོལ་ཡོད། འདིར་ད་དུང་ཁུང་བུ་ཞིག་ཡོད་པ་དེར་རྣ་བ་སྦྱར་ནས་ཉན་ཚེ་མཚོ་སྒྲ་ཐོས་པ་ཡིན་ཞེས་ངག་རྒྱུན་དུ་གྲགས། ད་དུང་ཤར་ལིའི་མཆོད་རྟེན་མཐོ་ཚད་སྤྱི་ཁྲེ་གཉིས་ཙམ་བྱས་པ་ཞིག་དང་། དཔལ་ལྡན་དམག་ཟོར་རྒྱལ་མོ་དང་བསྟན་མའི་གཏོར་སྒམ། འཇིམ་ལས་བཟོས་པའི་བླ་མ་ཞང་གི་སྐུ་འདྲ་ཁྲུ་གང་ཙམ་བྱས་པ། རྒྱུན་བསྐང་མར་མེ་བཅས་བཞུགས་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-25

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།