ཡང་དགོན་གཙུག་ལག་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡང་དགོན་གཙུག་ལག་ཁང་གི་ནང་དུ་དགོན་པའི་རྟེན་གཙོ་བོ་ཤཱཀྱ་མུ་ནེ་འཇིམ་སྐུ་མི་ཚད་པ་གཅིག སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་འདྲ་མི་ཚད་མ་གཅིག རྐྱང་ཁྲུ་གང་ཙམ་བྱས་པའི་སྨན་བླ་བདེ་གཤེགས་བརྒྱད། བཀའ་བརྒྱུད་ཀྱི་བླ་བརྒྱུད་ཆ་ཚང་། ཉེ་གནས་དར་མ་གཞོན་ནུའི་སྐུ་འདྲ་མི་ཚད་མ་གཅིག རྒྱལ་བ་ཡང་དགོན་པའི་སྐུ་འདྲ་མི་ཚད་མ་གཅིག རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་འདྲ་མི་ཚད་མ་གཅིག གསེར་ཟངས་ཀྱི་ཐུབ་དབང་སྐུ་འདྲ་ཁྲུ་གང་ཙམ་བྱས་པ་གཅིག ཤར་ལིའི་བདེ་མཆོག་ཁྲུ་གང་ཙམ་བྱས་པ་གཅིག འཇིམ་སྐུ་འཕྲིན་ལས་རྒྱལ་པོ་ཞལ་གསུམ་ཅན་སྐུ་འདྲ་ཁྲུ་གང་དང་ཕྱེད་ཙམ་བྱས་པ་གཅིག འཇིམ་སྐུ་མགོན་པོ་ཕྱག་བཞི་ཁྲུ་གང་དང་ཕྱེད་ཙམ་བྱས་པ་གཅིག འཇིམ་སྐུ་ལྷ་མོ་ཨེ་ཀ་ཏི་ཁྲུ་གང་དང་ཕྱེད་ཙམ་བྱས་པ་གཅིག འཇིམ་སྐུ་གཡུ་སྒྲོན་མ་ཁྲུ་གང་ཕྱེད་ཙམ་བྱས་པ་གཅིག སྒོ་སྲུང་ཐོག་བཙན་འཇིམ་སྐུ་ཁྲུ་གང་དང་ཕྱེད་ཙམ་བྱས་པ་གཅིག ཆོས་སྐྱོང་དེ་དག་གི་ལྷ་ཚོགས་དང་འཁོར་བཅས་བཞུགས་ཤིང་། ད་དུང་ཞལ་ཐང་ཁག་ཅིག་རྟེན་གྱི་ཚུལ་དུ་བཞུགས་ཡོད། གསུང་རྟེན་གྱི་ཚུལ་དུ་བཀའ་འགྱུར་གསེར་བྲིས་མ་དང་། འབུམ། ཚལ་པའི་དཀར་ཆག་སོགས་དུ་མ་བཞུགས་ཡོད་ཅིང་། ཐུགས་རྟེན་གྱི་ཚུལ་དུ་གསེར་ཟངས་ཀྱི་བདེ་མཆོག་མཆོད་རྟེན་ཐོག་ཚད་མ་གཅིག་དང་། ནུབ་ལིའི་བྱང་ཆུབ་མཆོད་རྟེན་མི་ཚད་ཆེ་བ་གཅིག་སོགས་བཞུགས་ཡོད།
གཞི་རྩའི་གནས་ཚུལ།

རྟེན་གཙོ་བོ།
ཤཱཀྱ་མུ་ནེ་འཇིམ་སྐུ།
གསུང་རྟེན།
བཀའ་འགྱུར་གསེར་བྲིས་མ་དང་། འབུམ། ཚལ་པའི་དཀར་ཆག
ཐུགས་རྟེན།
བདེ་མཆོག་མཆོད་རྟེན། བྱང་ཆུབ་མཆོད་རྟེན།
1 ངོ་སྤྲོད་མདོར་བསྡུས། 

ཡང་དགོན་གཙུག་ལག་ཁང་གི་ནང་དུ་དགོན་པའི་རྟེན་གཙོ་བོ་ཤཱཀྱ་མུ་ནེ་འཇིམ་སྐུ་མི་ཚད་པ་གཅིག སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་འདྲ་མི་ཚད་མ་གཅིག རྐྱང་ཁྲུ་གང་ཙམ་བྱས་པའི་སྨན་བླ་བདེ་གཤེགས་བརྒྱད། བཀའ་བརྒྱུད་ཀྱི་བླ་བརྒྱུད་ཆ་ཚང་། ཉེ་གནས་དར་མ་གཞོན་ནུའི་སྐུ་འདྲ་མི་ཚད་མ་གཅིག རྒྱལ་བ་ཡང་དགོན་པའི་སྐུ་འདྲ་མི་ཚད་མ་གཅིག རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་འདྲ་མི་ཚད་མ་གཅིག གསེར་ཟངས་ཀྱི་ཐུབ་དབང་སྐུ་འདྲ་ཁྲུ་གང་ཙམ་བྱས་པ་གཅིག ཤར་ལིའི་བདེ་མཆོག་ཁྲུ་གང་ཙམ་བྱས་པ་གཅིག འཇིམ་སྐུ་འཕྲིན་ལས་རྒྱལ་པོ་ཞལ་གསུམ་ཅན་སྐུ་འདྲ་ཁྲུ་གང་དང་ཕྱེད་ཙམ་བྱས་པ་གཅིག འཇིམ་སྐུ་མགོན་པོ་ཕྱག་བཞི་ཁྲུ་གང་དང་ཕྱེད་ཙམ་བྱས་པ་གཅིག འཇིམ་སྐུ་ལྷ་མོ་ཨེ་ཀ་ཏི་ཁྲུ་གང་དང་ཕྱེད་ཙམ་བྱས་པ་གཅིག འཇིམ་སྐུ་གཡུ་སྒྲོན་མ་ཁྲུ་གང་ཕྱེད་ཙམ་བྱས་པ་གཅིག སྒོ་སྲུང་ཐོག་བཙན་འཇིམ་སྐུ་ཁྲུ་གང་དང་ཕྱེད་ཙམ་བྱས་པ་གཅིག ཆོས་སྐྱོང་དེ་དག་གི་ལྷ་ཚོགས་དང་འཁོར་བཅས་བཞུགས་ཤིང་། ད་དུང་ཞལ་ཐང་ཁག་ཅིག་རྟེན་གྱི་ཚུལ་དུ་བཞུགས་ཡོད། གསུང་རྟེན་གྱི་ཚུལ་དུ་བཀའ་འགྱུར་གསེར་བྲིས་མ་དང་། འབུམ། ཚལ་པའི་དཀར་ཆག་སོགས་དུ་མ་བཞུགས་ཡོད་ཅིང་། ཐུགས་རྟེན་གྱི་ཚུལ་དུ་གསེར་ཟངས་ཀྱི་བདེ་མཆོག་མཆོད་རྟེན་ཐོག་ཚད་མ་གཅིག་དང་། ནུབ་ལིའི་བྱང་ཆུབ་མཆོད་རྟེན་མི་ཚད་ཆེ་བ་གཅིག་སོགས་བཞུགས་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-25

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།