དཔོན་ཡེ་ཤེས་འབྱུང་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔོན་ཡེ་ཤེས་འབྱུང་གནས་ནི་རབ་བྱུང་བཞི་པའི་ས་ཡོས་ལོ་སྟེ་སྤྱི་ལོ1219ལོར་ཚལ་པའི་དཔོན་སར་བསྐོས་ཤིང་མཛད་པ་ཆེ་བར་བྱུང་ཡོད་པ་དང་། དཔལ་འབྱོར་ལོངས་སྤྱོད་ཆེ་བར་བྱུང་སྟེ་ཚལ་པ་བཀའ་བརྒྱུད་དང་ཚལ་གུང་ཐང་གཙུག་ལག་ཁང་ལེགས་པར་བསྐྱངས་གནང་མཛད། དཔོན་ས་ལོ་ལྔ་མཛད་ནས་རབ་བྱུང་བཞི་པའི་ཆུ་ལུག་ལོ་སྟེ་སྤྱི་ལོ1223ལོར་སྐུ་གཤེགས་སོ། །
གཞི་རྩའི་གནས་ཚུལ།

འདས་ལོ།
སྤྱི་ལོ1223ལོར།
1 ངོ་སྤྲོད་མདོར་བསྡུས། 

དཔོན་ཡེ་ཤེས་འབྱུང་གནས་ནི་རབ་བྱུང་བཞི་པའི་ས་ཡོས་ལོ་སྟེ་སྤྱི་ལོ1219ལོར་ཚལ་པའི་དཔོན་སར་བསྐོས་ཤིང་མཛད་པ་ཆེ་བར་བྱུང་ཡོད། དེའི་སྐོར་རྒྱལ་དབང་ལྔ་པ་ངག་དབང་རྒྱ་མཚོས་མཛད་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས། “ཡེ་ཤེས་འབྱུང་གནས་ཀྱིས་སྲིང་མོ་བཞི། བུ་བརྒྱད་དུ་གྲགས་པའི་སྐྱིད་སྨད་ཀྱི་ཡུལ་གྲོང་མང་པོ་མངའ་འོག་ཏུ་ཆུག”1ཅེས་ཚལ་པའི་མངའ་ཐང་རྒྱ་བསྐྱེད་བཏང་བ་དང་། དཔལ་འབྱོར་ལོངས་སྤྱོད་ཆེ་བར་བྱུང་སྟེ་ཚལ་པ་བཀའ་བརྒྱུད་དང་ཚལ་གུང་ཐང་གཙུག་ལག་ཁང་ལེགས་པར་བསྐྱངས་གནང་མཛད། དཔོན་ས་ལོ་ལྔ་མཛད་ནས་རབ་བྱུང་བཞི་པའི་ཆུ་ལུག་ལོ་སྟེ་སྤྱི་ལོ1223ལོར་སྐུ་གཤེགས་སོ། །

2 མཆན་འགྲེལ། 

1.《དེབ་ཐེར་དཔྱིད་ཀྱི་རྒྱལ་གླུ་དབྱངས། 》 (M) p106

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-22

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།